མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་དང་ཕིའོ་ཅིན་ཧོས་གཉིས་ཀྲུང་གོ་དང་ཧན་གོའི་དཔལ་འབྱོར་ཉོ་ཚོང་གླེང་སྟེགས་སུ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-06 11:17

习近平与朴槿惠共同出席1.jpg

  ཟླ་བདུན་པའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཧྲིག་ཨེར་ནས་ཧན་གོའི་ཙུང་ཐུང་ཕིའོ་ཅིན་ཧོས་དང་མཉམ་དུ་ཀྲུང་གོ་དང་ཧན་གོ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་སུ་ཞུགས། ཞི་ཅིན་ཕེན་གྱིས་ཁ་ཡིག་ལ་ལག་གདང་སྦྲེལ་ཏེ་མཉམ་ལས་བྱེད་པ་དང་། མཉམ་དུ་མ་འོང་བ་གསར་གཏོད་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།

习近平与朴槿惠共同出席2.jpg

  ཟླ་བདུན་པའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཧྲིག་ཨེར་ནས་ཧན་གོའི་ཙུང་ཐུང་ཕིའོ་ཅིན་ཧོས་དང་མཉམ་དུ་ཀྲུང་གོ་དང་ཧན་གོ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་སུ་ཞུགས། ཞི་ཅིན་ཕེན་གྱིས་ཁ་ཡིག་ལ་ལག་གདང་སྦྲེལ་ཏེ་མཉམ་ལས་བྱེད་པ་དང་། མཉམ་དུ་མ་འོང་བ་གསར་གཏོད་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་བཞི་ཉིན་ཧྲིག་ཨེར་ནས་ཧན་གོའི་ཙུང་ཐུང་ཕིའོ་ཅིན་ཧོས་དང་མཉམ་དུ་ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་སུ་ཞུགས། ཞི་ཅིན་ཕེན་གྱིས་ཁ་ཡིག་ལ་ལག་གདང་སྦྲེལ་ཏེ་མཉམ་ལས་བྱེད་པ་དང་། མཉམ་དུ་མ་འོང་བ་གསར་གཏོད་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕེན་གྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་དུས་སྐབས་བཟང་བོ་བྱུང་སྟེ། ཀྲུང་གོ་དང་ཧན་གོ་གཉིས་ཀྱི་འཕེལ་རྒྱས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་པ་རྣམས་ལ་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་བསྐྲུན་ཐུབ་ལ། ཕྱོགས་གཉིས་ཀྱིས་གོ་སྐབས་བཟང་བོ་དམ་འཛིན་བྱས་ནས། ཀྲུང་གོ་དང་ཧན་གོ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་ཞེས་ནན་གྱིས་གསུངས།

  ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཧན་གོ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་གྲོས་གཞི་བཏོན་པ་སྟེ། གཅིག་ནི་ཡུན་རིང་ལ་རྐང་བཙུགས་ཏེ། རང་དབང་ཉོ་ཚོང་ས་ཁུལ་སྔ་མོ་ནས་འཛུགས་སྐྲུན་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་དགོས་པ་དང་། གཉིས་ནི་ཆེ་ཕྱོགས་ཀྱི་དཔལ་འབྱོར་སྲིད་ཇུས་དང་འཕེལ་རྒྱས་འཐབ་ཇུས་གཉིས་མཐུན་སྦྱོར་ཡོང་བར་ཤུགས་སྣོན་དགོས། གསུམ་ནི་ཉོ་ཚོང་དངུལ་གཏོང་དང་ནོར་སྲིད་མཉམ་ལས་འཕེལ་རྒྱས་སུ་གཏོང་དགོས། བཞི་ནི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་པ་བཅས་ཡིན་ཟེར།

  ཞི་ཅིན་ཕེན་གྱིས་མཇུག་མཐར་ནན་གྱིས་གསུངས་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་པ་ནི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན་པས། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་པས་ཕན་ཚུན་བར་ཡིད་ཆེས་བྱེད་པ་གཙོ་བོར་འཛིན་པ་དང་། དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་ཏེ། མཉམ་དུ་ཀྲུང་གོ་དང་ཧན་གོ་གཉིས་ཀྱི་གཉིས་ཕན་མཉམ་རྒྱལ་གྱི་མཛེས་སྡུག་ལྡན་པའི་མ་འོང་བ་གསར་གཏོད་བྱེད་དགོས་ཟེར།

  ཕིའོ་ཅིན་ཧོས་ཀྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཧན་གོ་དང་ཀྲུང་གོ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་བསྡུས་པ་ནི་ཕྱོགས་གཉིས་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི་གོམ་པ་དང་པོ་ཡིན་པས། ཕྱོགས་གཉིས་ཀྱིས་ཧན་གོ་དང་ཀྲུང་གོའི་བར་གྱི་རང་དབང་ཉོ་ཚོང་ས་ཁུལ་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དེ་རིམ་པ་མཐོ་བའི་ཐོན་ལས་དང་དངུལ་ལོར་ཞབས་ཞུའི་ལས་རིགས། སྨན་བཅོས་སོགས་ཁྱབ་ཁོངས་སུ་རྒྱ་བསྐྱེད་པར་སྐུལ་འདེད་བཏང་སྟེ། དོན་དངོས་སུ་འཕེལ་རྒྱས་འབྱུང་བར་བྱེད་དགོས་པའི་རེ་བ་བཏོན་ཟེར།

  གླེང་སྟེགས་ཚོགས་འདུའི་སྔོན་ལ། ཞི་ཅིན་ཕེན་དང་ཕིའོ་ཅིན་ཧོས་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག