ཟླ་བདུན་པའི་ཚེས་གསུམ་དང་ཚེས་བཞི་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཧུའུ་ནན་ཞིང་ཆེན་གྱི་ཁྲང་ཧྲ་དང་ཀྲུའུ་ཀྲིག་གྲོང་ཁྱེར་གྱི་བཟོ་སྐྲུན་ཡུལ་དངོས་དང་འཁོར་ཁང་། སློབ་གྲྭ་སོགས་སུ་ཕེབས་ནས་བྱ་བར་རྟོག་ཞིབ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས3དང་ཚེས4ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧུའུ་ནན་ཁྲང་ཧྲ་དང་ཀྲུའུ་ཀྲིག་གི་བྱ་བར་རྟོག་ཞིབ་མཛད།
ལིས་ཁི་ཆང་ཧྲང་ཧེ་ནས་ཁུན་མེན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཡུལ་དངོས་ལ་ཕེབས་ཏེ་འཐབ་ཕྱོགས་དང་པོ་ན་ལས་གཉེར་བྱེད་བཞིན་པའི་བཟོ་བ་རྣམས་ལ་འཚམས་འདྲི་ཞུས། ཁོང་གིས་གསུངས་རྒྱུར། ལྕགས་ལམ་འདི་འཛུགས་སྐྲུན་བྱེད་སྐབས་མ་བཅོས་རྒྱུ་ཆའི་མ་རྩ་ཅུང་དམའ་བ་སོགས་ཀྱི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ། སྤུས་ཚད་ལེགས་པའི་སྒོ་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། འཕར་སྣོན་བརྟན་འཇགས་དང་གྲུབ་ཚུལ་ལེགས་སྒྲིག དམངས་འཚོ་ལེགས་བཅོས་བྱེད་པ་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།
ཧུའུ་ནན་སློབ་ཆེན་དུ་ལིས་ཁི་ཆང་གིས་རྒྱལ་ཁབ་ཀྱིས་ལས་སྤེལ་དང་ལས་ཞུགས་སྲིད་ཇུས་དངོས་འབེབས་དང་མཐར་ཕྱིན་སློབ་མས་གྲོས་མཐུན་འགོད་པར་སྐུལ་མ་བཏང་བའི་གནས་ཚུལ་ལ་རྒྱུས་ལོན་མཛད། ལིས་ཁི་ཆང་གིས་སློབ་མ་རྣམས་ཀྱིས་སྤོབས་པ་ཆེན་པོས་ལས་སྤེལ་བྱེད་པའི་སྙིང་སྟོབས་ལ་གཟེངས་བསྟོད་བྱས་པར་མ་ཟད་ཁོ་ཚོས་རིག་པའི་གནས་ལ་སྦྱོང་བ་མཐར་ཕྱིན་བྱས་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་དགོས་པའི་ཐུགས་རེ་བཏོན།
ཀྲུའུ་ཀྲིག་སྤུས་ཚད་ལྟ་རྟོག་ཅུའུ་ཡི་ཞབས་ཕྱིའི་ལྟེ་གནས་སུ་ལིས་ཁི་ཆང་དང་དོན་སྒྲུབ་མང་ཚོགས་ཀྱིས་གྲོས་མོལ་དང་བརྗེ་རེས་བྱས། ལིས་ཁི་ཆང་གིས་མུ་མཐུད་དུ་སྲིད་བསྡུ་དབང་གཏོང་གི་བྱ་བ་བཟང་བོར་བསྒྲུབ་ནས་ཚོང་རའི་གསོན་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས་ཟེར།
ལིས་ཁི་ཆང་གིས་ཧུའུ་ནན་ཞིང་ཆེན་གྱིས་ཉེ་བའི་ལོ་འགའི་རིང་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པར་མ་ཟད། ཧུའུ་ནན་ཞིང་ཆེན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱེད་པ་དང་། ཐོན་ལས་སྤོ་སྒྱུར་དང་འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ཚན་རིག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བྱ་བ་སྣ་ཚོགས་སྔར་ལས་བཟང་བོར་བསྒྲུབ་པར་སྐུལ་འདེད་གཏོང་དགོས་ཟེར། །