ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧན་གོར་རྒྱལ་དོན་འཚམས་འདྲི་མཛད་པ་མཇུག་རྫོགས་ཏེ་ཚེས་བཞི་ཉིན་གྱི་དགོང་མོར་ཕྱིར་པེ་ཅིན་དུ་ལོག
ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ལྕམ་མོ་ཕུན་ལིས་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཆབ་སྲིད་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཝང་ཧུའུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ལིས་ཀྲན་ཧྲུའུ། རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི་སོགས་ཀྲུའུ་ཞི་ཞི་ཅིན་ཕེན་དང་མཉམ་དུ་པེ་ཅིན་དུ་ལོག
ཧྲིག་ཨེར་དང་བྲལ་དུས་ཧན་གོའི་ཕྱི་འབྲེལ་པུའུ་ཀྲང་དབྱིན་པིན་ཧྲི་སོགས་ཧན་གོ་ཕྱོགས་ཀྱི་དཔོན་རིགས་གནམ་གྲུ་ཐང་དུ་སོང་སྟེ་ཀྲུའུ་ཞི་ཞི་ཅིན་ཕེན་སོགས་ལ་སྐྱེལ་མ་ཞུས། །