མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིན་ལྷོ་ཁོ་རེ་ཡར་རྒྱལ་དོན་འཚམས་འདྲི་གནང་བའི་སྐོར་གླེང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-06 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ་བདུན་པའི་ཚེས་གསུམ་ཉིན་ནས་ཚེས་བཞི་ཉིན་བར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷོ་ཁོ་རེ་ཡར་རྒྱལ་དོན་འཚམས་འདྲི་གནང་བ་རེད། འཚམས་འདྲི་གནང་གྲུབ་རྗེས་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་ནས་སྐུ་བཅར་གསར་འགོད་པ་རྣམས་ལ་ད་ཐེངས་ཀྱི་འཚམས་འདྲིའི་སྐོར་གསུངས་པ་རེད།

ཝང་དབྱིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་ལྷོ་ཁོ་རེ་ཡར་འཚམས་འདྲི་གནང་བ་དེ་ནི་གཉེན་ཚན་ཐུག་འཕྲད་ལྟ་བུའི་འཚམས་འདྲི་ཞིག་རེད། དེའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་བཤེས་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འབྲེལ་བ་དེ་སྐས་རིམ་གསར་པ་ཞིག་གི་ཐོག་མཐོ་རུ་གཏོང་ཆེད་རེད་ཅེས་དང་། ཝང་དབྱིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་ལྷོ་ཁོ་རེ་ཡར་འཚམས་འདྲི་གནང་བའི་དུས་ཚོད་ཐུང་ཡང་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། དོན་སྙིང་ཤིན་ཏུ་ཆེ་བས་ཀུན་གྱིས་དོ་ཁུར་ཆེན་པོ་བྱས་ཡོད། འཚམས་འདྲི་དེས་ཀྲུང་གོའི་མཛའ་སེམས་དང་། ལྷག་བསམ། ཕན་འདོགས། ཁོག་ཡངས་བཅས་ཀྱི་ཉེ་འཁོར་ཕྱི་འབྲེལ་འདུ་ཤེས་ལེགས་པར་མངོན་ཡོད་པ་དང་། ཀྲུང་གོས་བཏོན་པའི་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་ཨེ་ཤེ་ཡའི་བདེ་འཇགས་ལྟ་བར་འགྲེལ་བཤད་བྱས་པ་དང་། ཀྲུང་གོས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་ཆེད་འགན་འཁུར་མཁན་གྱི་རྒྱལ་ཁབ་ཀྱི་ནུས་པ་འདོན་པ་མངོན་ཡོད་ཅེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག