མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྔོན་རྩིས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ནོར་སྲིད་ཀྱི་ཆུ་བེད་ཐད་མ་དངུལ་གཏོང་བ་དང་དེའི་བཀོལ་སྤྱོད་གནས་ཚུལ་ལ་རྟོག་ཞིབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-06 11:16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྔོན་རྩིས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སུའུ་ཅོན་གྱིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྔོན་རྩིས་བྱ་བའི་ཨུ་ཡོན་ལྷན་ཁང་དང་། ཆུ་བེད་པུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣའི་གྲུབ་པའི་རྟོག་ཞིབ་ཚན་ཆུང་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ཆུ་བེད་ཐད་མ་དངུལ་གཏོང་བའི་གནས་ཚུལ་དང་དེའི་བཀོལ་སྤྱོད་གནས་ཚུལ་ཐད་ཆེད་དོན་རྟོག་ཞིབ་བྱས། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཚའོ་ཧོང་གིས་མཉམ་དུ་རྟོག་ཞིབ་བྱས།

ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། རྟོག་ཞིབ་ཚན་ཆུང་གིས་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ནོར་སྲིད་ཆུ་བེད་དངུལ་གཏོང་དང་བཀོལ་སྤྱོད་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་རྗེས། སུའུ་ཅོན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཆུའི་ཐོན་ཁུངས་སྔོན་འདོན་དང་། བེད་སྤྱོད། སྲུང་སྐྱོང་སོགས་ཐད་ནས་བླངས་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། མཚོ་སྔོན་ནི་གཙང་བོ་གསུམ་གྱི་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་གཏེར་ཡིན་པ་དང་། མཚོ་སྔོན་གྱིས་ཆུ་སྔོག་འདོན་བཟང་བོ་དང་བཀོལ་སྤྱོད་བཟང་བོ། སྲུང་སྐྱོབ་བཟང་བོ་བྱས་ན། དེ་ནི་རྒྱལ་ཡོངས་མི་དམངས་ལ་བྱས་རྗེས་དང་རྒྱབ་སྐྱོར་བྱས་པ་དང་མཚུངས་པས། མཚོ་སྔོན་གྱི་རྗེས་ཕྱོགས་སུ་ཆུའི་ཐོན་ཁུངས་ཀྱི་སྔོག་འདོན་དང་བཀོལ་སྤྱོད་ཐད་ནས། ཧུར་ཐག་གིས་ས་གནས་དང་ཀྲུང་དབྱང་བར་དང་། བྱེ་བྲག་དང་སྤྱི་ཁོག་བར། མིག་སྔར་དང་མ་འོངས་བར། ཆུའི་མགོ་ཁུངས་དང་ཆུའི་བཞུར་རྒྱུད། ཆུའི་ཐོན་ཁུངས་ཀྱི་སྲུང་སྐྱོབ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བར་བཅས་ཀྱི་འབྲེལ་བར་ཐག་གཅོད་བཟང་བོ་བྱེད་པ་དང་། རྒྱལ་ཁབ་ནོར་སྲིད་ཀྱིས་ཆུ་བེད་ཐད་བཏང་བའི་མ་དངུལ་འོས་མཐུན་སྒོས་བཀོལ་སྤྱོད་བྱེད་པ། དངུལ་གཏོང་འཕར་སྣོན་སྒྲིག་སྲོལ་དང་ནོར་སྲིད་དོ་དམ་སྒྲིག་གཞི་འཛུགས་པ་དང་འཐུས་ཇེ་ཚང་དུ་གཏོང་བ། དངུལ་གཏོང་ཕན་འབྲས་དང་རྒྱུ་སྤུས་མཐོར་འདེགས་བྱེད་པ་བཅས་བྱས་ནས། ནོས་སྲིད་ཆུ་བེད་མ་དངུལ་མཁོ་སར་བཀོལ་ཐུབ་པར་ཁག་ཐེག་བྱེད་དགོས་ཟེར། སུའུ་ཅོན་གྱིས། རྟོག་ཞིབ་མཇུག་རྫོགས་རྗེས། ནན་ཏན་གྱིས་མཚོ་སྔོན་ནོར་སྲིད་ཆུ་བེད་མ་དངུལ་གྱི་བཀོལ་སྤྱོད་གནས་ཚུལ་དང་དེའི་ཁྲོད་གནས་བའི་དཀའ་ཁག་དང་གནད་དོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུ་བྱས་ཏེ། མཚོ་སྔོན་ལ་སྲིད་ཇུས་ཐད་དང་མ་དངུལ་ཐད་ཀྱི་རྒྱབ་སྐྱོར་སྔར་ལས་མང་པོ་བརྩོན་ལེན་བྱེད་རྒྱུའི་ཚུལ་བསྟན།

མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས། རྟོག་ཞིབ་ཚན་ཆུང་ད་དུང་ཡུས་ཧྲུའུ་དང་མགོ་ལོག་སོགས་ས་ཁུལ་དུ་སོང་ནས། ནོར་སྲིད་ཆུ་བེད་མ་དངུལ་གྱི་བཀོལ་སྤྱོད་དང་དངུལ་གཏོང་གནས་ཚུལ་དང་། ཆུའི་ཐོན་ཁུངས་སྔོག་འདོན་དང་བཀོལ་སྤྱོད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་སོགས་དང་དམིགས་ནས་ཡུལ་དངོས་རྟོག་ཞིབ་བྱས།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག