རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཞི་ཉིན་ཧྲིག་ཨར་ནས་ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཀྲིན་ཡེ་ཧི་དང་དེ་མིན་ཧྲན་གོའི་སྲིད་ཏང་སོ་སོའི་གཙོ་འཛིན་དང་མཛའ་མཐུན་གྲོས་མིའི་འཐུས་མི་བཅས་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཞི་ཉིན་ཧྲིག་ཨར་ནས་ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཀྲིན་ཡེ་ཧི་དང་དེ་མིན་ཧྲན་གོའི་སྲིད་ཏང་སོ་སོའི་གཙོ་འཛིན་དང་མཛའ་མཐུན་གྲོས་མིའི་འཐུས་མི་བཅས་ལ་མཇལ་འཕྲད་གནང་།
མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་ཀྲིན་ཡེ་ཧི་ཡིས་དུས་ཡུན་རིང་བོར་ཀྲུང་གོ་དང་ཧན་གོའི་མཛའ་མཐུན་འབྲེལ་བའི་ཐད་ལ་འབད་བརྩོན་བྱས་པར་ཁས་ལེན་གང་ལེགས་མཛད། ཁོང་གིས་ཀྲུང་གོ་དང་ཧན་གོའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་བརྗེ་རེས་དང་མཉམ་ལས་བྱེད་པ་དེ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་པ་དང་སྲིད་ཏང་གིས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་ཕན་ཚུན་བར་རྒྱུས་ལོན་དང་མཉམ་ལས་བྱེད་པའི་སྟེགས་བུ་གལ་ཆེན་ཏུ་འདོན་སྤྲོད་བྱས་པ་དང་དེ་ནི་ཕྱོགས་གཉིས་ཀྱི་འབྲེལ་བའི་གནད་ཆེ་ས་ཞིག་ཡིན་པས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྣམ་པ་མང་ཞིང་རིམ་པ་མང་བ་དང་ཐབས་ལམ་མང་བ་བཅས་ནས་འབྲེལ་འདྲིས་དང་མཉམ་ལས་བྱེད་དགོས་པ་དང་། ཧན་གོའི་སྲིད་ཏང་སོ་སོ་དང་གྲོས་མི་ཚང་མས་མུ་མཐུད་དུ་ཀྲུང་གོ་དང་ཧན་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་དགོས་ཟེར།
ཀྲིན་ཡེ་ཧི་ཡིས་བཤད་རྒྱུར། ཀྲུང་གོ་ནི་ཧན་གོའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། ཧན་གོ་ཕྱོགས་ཀྱིས་ཀྲུང་གོས་བློ་ཐག་རྦད་ཆོད་སྒོས་ཕྱེད་གླིང་གི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱས་པ་དང་། ཁྲོ་ཞན་ཕྱེད་གླིང་གི་ཞི་བདེ་གཅིག་གྱུར་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན་ཟེར། །