མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧན་གོའི་ཧྲིག་ཨར་སློབ་ཆེན་དུ་ཁ་ཡིག་ལ་ཀྲུང་གོ་དང་ཧན་གོའི་མཉམ་ལས་ཐད་ལ་མཛེས་སྡུག་གི་མ་འོངས་པ་གསར་སྐྲུན་བྱས་ནས་ཨེ་ཤ་ཡའི་དར་སྤེལ་དང་དར་རྒྱས་ཀྱི་རླབས་ཆེན་ལས་དོན་མངོན་འགྱུར་བྱེད་དགོས་ཞེས་པའི་གསུངས་བཤད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-05 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཞི་ཉིན་ཧན་གོའི་ཧྲིག་ཨར་སློབ་ཆེན་དུ་ཁ་ཡིག་ལ་ཀྲུང་གོ་དང་ཧན་གོའི་མཉམ་ལས་ཐད་ལ་མཛེས་སྡུག་གི་མ་འོངས་པ་གསར་སྐྲུན་བྱས་ནས་ཨེ་ཤ་ཡའི་དར་སྤེལ་དང་དར་རྒྱས་ཀྱི་རླབས་ཆེན་ལས་དོན་མངོན་འགྱུར་བྱེད་དགོས་ཞེས་པའི་གསུངས་བཤད་གལ་ཆེན་གནང་། ཁོང་གིས་ཀྲུང་གོ་དུས་དང་རྣམ་པ་ཀུན་ཏུ་ཞི་བདེ་སྲུང་སྐྱོང་གི་རྒྱལ་ཁབ་དང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རྒྱལ་ཁབ། ཁེངས་སྐྱུངས་སྒོས་སློབ་སྦྱོང་བྱེད་པའི་རྒྱལ་ཁབ་བཅས་བྱེད་པར་མ་ཟད། ཧན་གོ་དང་མཉམ་དུ་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གྲོགས་པོ་དང་ས་གནས་ཞི་བདེ་ཡོང་བའི་གྲོགས་པོ། མཉམ་དུ་ཨེ་ཤ་ཡ་དར་སྤེལ་བྱེད་པའི་གྲོགས་པོ། འཛམ་གླིང་གི་དར་རྒྱས་ལ་སྐུལ་འདེད་གཏོང་བའི་གྲོགས་པོ་བཅས་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།

ཧྲིན་ཨར་སློབ་ཆེན་དུ་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ལོ་ངོ་ལྔ་སྟོང་ལྷག་གི་དཔལ་ཡོན་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་མ་འོངས་པར་ཁ་ཕྱོགས་ཏེ། ཀྲུང་གོ་ཅི་ལྟ་བུའི་རྒྱལ་ཁབ་ཅིག་བྱེད་པ་དེ་ནི་མི་གང་མང་གིས་སེམས་ཁུར་བྱེད་པའི་གནད་དོན་ཡིན་པས། བདག་གིས་ཕྱོགས་གསུམ་ནས་རང་གི་ལྟ་ཚུལ་ཙམ་བརྗོད། གཅིག ཀྲུང་གོ་དུས་དང་རྣམ་པ་ཀུན་ཏུ་ཞི་བདེ་སྲུང་སྐྱོང་གི་རྒྱལ་ཁབ་ཅིག་བྱེད་ངེས་ཡིན། གཉིས། ཀྲུང་གོ་དུས་དང་རྣམ་པ་ཀུན་ཏུ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རྒྱལ་ཁབ་ཅིག་བྱེད་ངེས་ཡིན། གསུམ། ཀྲུང་གོ་དུས་དང་རྣམ་པ་ཀུན་ཏུ་ཁེངས་སྐྱུང་སྒོས་སློབ་སྦྱོང་བྱེད་པའི་རྒྱལ་ཁབ་ཅིག་བྱེད་ངེས་ཡིན་ཟེར།

ཞི་ཅིན་ཕེན་གྱིས་གསུངས་བཤད་གནང་སྐབས། ཕྱོགས་གཉིས་ཀྱིས་གཙོ་བོ་ཕྱོགས་འགའི་ཐད་ལ་འབད་བརྩོན་བྱེད་དགོས་པའི་གྲོས་གཞི་བཏོན། གཅིག སྒོ་འབྱེད་མཉམ་བསྲེས་ཀྱི་འཕེལ་རྒྱས་རྣམ་པ་གསར་སྐྲུན་བྱས་ནས་མཉམ་དུ་ཁེ་ཕན་གྱི་ཐུན་མོང་ཚོགས་པ་གསར་འཛུགས་བྱེད་དགོས། གཉིས། མཉམ་ལས་འཕེལ་རྒྱས་ཀྱི་འདུ་ཤེས་ཆགས་པར་བྱས་ནས་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་དུ་ཡང་དག་པའི་ཁེ་ཕན་གྱི་ལྟ་བ་ལག་ལེན་བྱེད་དགོས། གསུམ། འགལ་བ་སྣ་ཚོགས་འོས་འཚམ་སྒོས་ཐག་བཅད་དེ་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ཀྱི་ཁོར་ཡུག་གསར་སྐྲུན་བྱེད་དགོས། བཞི། མི་གཞུང་བརྗེ་རེས་ལ་ཤུགས་བསྣན་ནས་མུ་མཐུད་དུ་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག