རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཞི་ཉིན་ཧྲིག་ཨར་ནས་ཧན་གོའི་ཙུང་ལི་ཀྲིན་ཧོང་ཡོན་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཞི་ཉིན་ཧྲིག་ཨར་ནས་ཧན་གོའི་ཙུང་ལི་ཀྲིན་ཧོང་ཡོན་ལ་མཇལ་འཕྲད་གནང་།
མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཧན་གོའི་འབྲེལ་བ་དེ་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་འཕེལ་རྒྱས་བཟང་བོ་བྱུང་བ་བརྒྱུད། ད་ལྟ་ཕྱོགས་ཡོངས་འཕེལ་རྒྱས་ཆེན་པོ་འབྱུང་བའི་དུས་སྐབས་གསར་བར་བསླེབས་པ་དང་། ཕན་ཚུན་ལ་ཁེ་ཕན་ངོ་མ་བསྐྲུན་པར་མ་ཟད་ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་ཐད་ལ་ནུས་པ་ཆེན་པོ་བཏོན་ཟེར།
ཀྲིན་ཧོང་ཡོན་གྱིས་བཤད་རྒྱུར། ཧན་གོ་སྲིད་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་ལྟར། ཧན་གོ་དང་ཀྲུང་གོའི་རང་མོས་ཉོ་ཚོང་གི་གྲོས་མཐུན་གྲོས་མོལ་མྱུར་དུ་བྱས་ནས་ཧན་གོའི་སྒོར་མོ་དང་ཀྲུང་གོའི་མི་དམངས་ཤོག་སྒོར་ཐད་ཀར་དུ་བརྗེ་རེས་བྱེད་པ་སྔ་མོ་ནས་མངོན་འགྱུར་ངེས་ཡིན་ཟེར། །