མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

པན་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་པོ་མཆོག་གིས་ཉེ་ལམ་ལྷ་ས་ནས་ཆོས་ལུགས་བྱ་འགུལ་རབ་དང་རིམ་པ་སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-05 11:15

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་། ཀྲུང་གོ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པན་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་པོ་མཆོག་གིས་ཉེ་ལམ་ལྷ་ས་ནས་ཆོས་ལུགས་བྱ་འགུལ་རབ་དང་རིམ་པ་སྤེལ།

(XHDW)(1)班禅额尔德尼·确吉杰布在拉萨开展一系列活动

(XHDW)(2)班禅额尔德尼·确吉杰布在拉萨开展一系列活动

ཟླ་བདུན་པའི་ཚེས་གཉིས་ཉིན། པན་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་པོ་མཆོག་ལྷ་སའི་ཇོ་ཁང་ནང་འཇལ་སྐོར་དུ་ཕེབས་པ་དང་། གྲྭ་བཙུན་རྣམས་བསྟར་ཕྲང་སྒྲིག་ཏེ་གཟབ་རྒྱས་ཆེ་བའི་ཆོས་ཀྱི་ཆོ་གས་པན་ཆེན་ལ་བསུ་བ་བྱས། པན་ཆེན་གྱིས་རིམ་པ་བཞིན་དུ་དགའ་ལྡན་ལྷ་ཁང་དང་འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་བའི་ལྷ་ཁང་། རྗེ་ཙོང་ཁ་བའི་ལྷ་ཁང་སོགས་ལ་འཇལ་བ་དང་། དེའི་རྗེས་སུ་ཤཱཀྱ་ནེའི་ལྷ་སྐུ་ལ་འཇལ་ནས་རྒྱལ་ཁབ་བདེ་འཇགས་དང་མི་དམངས་བདེ་སྐྱིད་ཡོང་བའི་གསོལ་བ་བཏབ།

ཚེས་གསུམ་ཉིན་པན་ཆེན་སོགས་ལྷ་སའི་དགོན་ཆེན་གསུམ་གྱི་ཡ་ཀྱལ་ཏེ་སེར་ར་དགོན་པར་མཇལ་སྐོར་དུ་ཕེབས། དེ་ནི་ཁོང་གིས་ཐེངས་དང་པོར་སེར་ར་དགོན་པར་འཇལ་བ་ཡིན། གནས་དེའི་ཆོས་དད་མང་ཚོགས་རྣམས་ཀྱིས་ལྷག་བསམ་རྣམ་དག་གིས་པན་ཆེན་ལ་འཇལ་བ་དང་པན་ཆེན་གྱིས་སེམས་བརྩེ་བའི་ངང་ཁོ་ཚོར་འཇལ་ཁ་གནང་།

པན་ཆེན་གྱིས་ལྷ་སའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས་དང་བཞུགས་མོལ་བྱེད་སྐབས་གསུང་རྒྱུར། ང་ཚོས་འབད་བརྩོན་གྱིས་བློ་གྲོས་དང་ནུས་ཤུགས་ཕུད་ནས་རྒྱལ་ཁབ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཞེས་གསུང།  །

(XHDW)(3)班禅额尔德尼·确吉杰布在拉萨开展一系列活动

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག