ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མོང་ཅན་ཀྲུའུ་ཡིས་སྤྱི་ཚེས་བཞི་ཉིན་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པ་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དྲུག་པའི་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། སྲིད་ཁྲིམས་དཔུང་ཁག་གི་སྤྱོད་ཚུལ་འཛུགས་སྐྱོང་དང་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་ཐད་ཤུགས་སྣོན་ཆེན་པོ་བརྒྱབ་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་དང་། སྤྱི་ཚོགས་བཅོས་སྐྱོང་གི་འདུ་ཤེས་གསར་གཏོད་དང་། བདེ་འཇགས་འཛུགས་སྐྱོང་ཟབ་ཏུ་གཏོང་བ། ཁྲིམས་འཛིན་ལམ་ལུགས་བསྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། དུས་སྐབས་གསར་པའི་འོག་གི་སྲིད་ཁྲིམས་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པ་མཐོ་རུ་གཏོང་དགོས་ཞེས་གསུངས། །