མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་གྱི་གསར་འགྱུར་མཉམ་ལས་གླེང་སྟེགས་སུ་ཞུགས་པའི་ཕྱི་རྒྱལ་གྱི་འཐུས་མིར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-04 11:09

ཟླ་བདུན་པའི་ཚེས་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲིན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་གྱི་གསར་འགྱུར་མཉམ་ལས་གླེང་སྟེགས་སུ་ཞུགས་པའི་ཕྱི་རྒྱལ་གྱི་འཐུས་མིར་མཇལ་འཕྲད་གནང་།
ཟླ་བདུན་པའི་ཚེས་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲིན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་གྱི་གསར་འགྱུར་མཉམ་ལས་གླེང་སྟེགས་སུ་ཞུགས་པའི་ཕྱི་རྒྱལ་གྱི་འཐུས་མིར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲིན་གྱིས་ཚེས་གསུམ་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་གྱི་གསར་འགྱུར་མཉམ་ལས་གླེང་སྟེགས་སུ་ཞུགས་པར་ཡོང་བའི་ཕྱི་རྒྱལ་གྱི་འཐུས་མིར་མཇལ་འཕྲད་གནང་།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་བཏོན་པའི་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་གི་དར་གོས་ཚོང་ལམ་མཉམ་དུ་འཛུགས་སྐྲུན་བྱེད་པའི་གྲོས་གཞི་ལག་བསྟར་བཟང་བོ་བྱེད་རྒྱུ་དེ་ཀྲུང་གོ་དང་མཐའ་འཁོར་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་བར་གྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱེད་པར་ཕན་པ་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་མཉམ་ལས་གཉིས་རྒྱལ་གྱི་དགོངས་པ་བཅངས་ཏེ། འབྲེལ་ཡོད་རྒྱལ་ཁབ་དང་མཉམ་དུ་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་གི་དར་གོས་ཚོང་ལམ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད། གསར་འགྱུར་ལས་ཁུངས་ཀྱིས་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་གྱི་གསར་འགྱུར་མཉམ་ལས་གླེང་སྟེགས་ཀྱི་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས། བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་རྒྱུས་ལོན་དང་ཡིད་ཆེས་ཇེ་དམ་དུ་བཏང་སྟེ། དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་གི་དར་གོས་ཚོང་ལམ་འཛུགས་སྐྲུན་བྱེད་པར་མི་གཞུང་གི་ཁོར་ཡུག་བཟང་བོ་བསྐྲུན་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག