མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-04 11:01

ཚེས་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གཏམ་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་གསུམ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གཏམ་བཤད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བཅུ་གཅིག་གིས་གཏམ་བཤད། ཁོ་ཚོས་བལྟས་ན་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་གྲོས་གཞིའི་ཁ་ཕྱོགས་ཡང་དག་དང་བསམ་ཕྱོགས་གསལ་བོ།བྱེད་ཐབས་ནུས་ལྡན་བཅས་ཡིན་པར་འདོད་ལ། བཅོས་བསྒྱུར་བྱེད་ཐབས་འདི་དག་གིས་སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་འཛིན་དོ་དམ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་ཁྲིམས་འཛིན་དབང་ཤུགས་འཁོར་སྐྱོད་ཚད་ལྡན་དུ་བཏང་ནས་ལྟ་སྐུལ་གྱི་ཕན་ནུས་ཇེ་མཐོར་བཏང་སྟེ། དྲང་བདེན་དང་ཕན་ནུས་ཀྱི་འགན་དབང་མཐོ་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་འཛིན་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་དོན་སྙིང་གལ་ཆེན་ལྡན་པས། གཏན་འཇགས་དང་ཁྲིམས་ལྟར་གོ་རིམ་ལ་སྐུལ་འདེད་བཏང་ནས་བཅོས་བསྒྱུར་གྱི་ཐད་ནས་གྲུབ་འབྲས་གསར་བ་ཐོབ་པར་ཁག་ཐེག་བྱེད་ཐུབ་པར་ཡིད་ཆེས་ཡོད་ཅེས་བསྟན།

ཨུ་ཡོན་རྣམས་ཀྱིས་བསྟན་དོན། ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་ནི་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཁྲོད་ཀྱི་བརྗོད་དོན་གལ་ཆེན་ཞིག་ཡིན། ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ལག་ལེན་གྱི་ཁྲོད་ནས་འཚོལ་ཞིབ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལྟར་གཞི་འཛིན་ས་ཡོད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། གནད་དོན་གྱི་གླེང་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་འབུར་ཐོན་གནད་དོན་ཐག་གཅོད་ཡང་དག་བྱེད་དགོས་ཟེར།

ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཝང་ཡོང་ཆིན་གྱིས་ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་གྱི་འབྲེལ་ཡོད་གནས་ཚུལ་འཚམས་སྦྱོར་བྱས། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་ལས་རྐང་གཞུང་སྒྲུབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། རྒྱལ་ཁབ་བདེ་འཇགས་པུའུ། ཁྲིམས་འཛིན་པུའུ། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས་ནས་བསམ་འཆར་ལ་ཉན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིན་ལེན་དང་ཀྲང་ཆིན་ལི། ཆི་ཞུའུ་ཁྲོན། ཁྲིན་ཞའོ་ཀོང་བཅས་གྲོས་ཚོགས་ལ་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག