མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རེས་བསྐོར་གསར་པའི་ནོར་ཁྲལ་བསྒྱུར་བཅོས་ཀྱིས་དེང་རབས་ཅན་གྱི་ནོར་ཁྲལ་ལམ་ལུགས་འཛུགས་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-04 10:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་ཉེ་ཆར་ནོར་ཁྲལ་ལམ་ལུགས་བསྒྱུར་བཅོས་ཀྱི་སྤྱི་ཡོངས་ཇུས་འགོད་ཅེས་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ནོར་སྲིད་པུའི་པུའུ་ཀྲང་ལའུ་ཅིད་ཝེས་འདི་ག་ལས་ཁུངས་ཀྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། རེས་བསྐོར་གསར་པའི་ནོར་ཁྲལ་བསྒྱུར་བཅོས་ཀྱིས་ཁྱོན་ཡོངས་ནས་བསྒྱུར་བཅོས་བྱ་རྒྱུར་རྨང་གཞི་དང་གདེགས་སྐྱོར་མཁོ་འདོན་བྱ་རྒྱུ་རེད་ཅེས་དང་། ལའུ་ཅིད་ཝེས། སྤྱི་ལོ་1994ལོའི་ནོར་ཁྲལ་བསྒྱུར་བཅོས་ཀྱི་དམིགས་ཡུལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་དང་འཚམ་པའི་སྒྲིག་གཞིའི་སྒྲོམ་གཞི་འཛུགས་སྐྱོང་བྱ་རྒྱུ་དེ་རེད། ད་བྱས་ན་རེས་བསྐོར་གསར་པའི་ནོར་ཁྲལ་ལམ་ལུགས་བསྒྱུར་བཅོས་ཀྱིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་གཉིས་དེང་རབས་ཅན་དང་འཚམ་པའི་ནོར་ཁྲལ་ལམ་ལུགས་རྨང་གཞི་འཛུགས་རྒྱུ་དེ་ཡིན་ཞིང་། དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྐྱེ་ཁམས། ཤེས་དཔལ་བཅས་ལྔ་གཞི་གཅིག་དུ་འགྱུར་བའི་གཅིག་འགྱུར་འཆར་འགོད་དང་མཐུན་སྦྱོར་གོང་འཕེལ་ཆེད་རྨང་གཞི་དང་གདེགས་སྐྱོར་མཁོ་འདོན་བྱ་ཆེད་རེད་ཅེས་གསུངས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག