མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཁྲིམས་འཛིན་སྒྲིག་གཞི་བསྒྱུར་བཅོས་ཀྱི་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-04 10:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས3ཉིན་གྱི་ཕྱི་དྲོ་པེ་ཅིན་དུ་ཁྲིམས་འཛིན་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་ཆེད་དོན་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་ཡོད་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུད་ཀྲེང་ཧྲེང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུངས་བཤད་ཀྱང་གནང་ཡོད་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བཅུ་གཅིག་གིས་གཏམ་བཤད་སྤེལ་བ་དང་། ཚང་མས་ཀྲུང་དབྱང་གིས་གཏན་འབེབས་གནང་བའི་ཁྲིམས་འཛིན་སྒྲིག་གཞི་བསྒྱུར་བཅོས་བྱ་ཐབས་ཀྱི་ཁ་ཕྱོགས་ཡང་དག་པ་དང་། རིག་ལམ་གསལ་བ། བྱ་ཐབས་ནུས་ལྡན་ཡིན་པ། གོ་རིམ་བརྟན་པ་བཅས་ཡིན་པའི་ངོས་འཛིན་གནང་བ་དང་། བསྒྱུར་བཅོས་བྱ་ཐབས་དེ་ཚོས་ཁྲིམས་འཛིན་དོ་དམ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་འགྲོ་རྒྱུ་དང་། ཁྲིམས་འཛིན་དབང་ཆ་འཁོར་རྒྱུག་ཚད་ལྡན་བཟོ་རྒྱུ། ལྟ་སྐུལ་ཚོད་འཛིན་གྱི་ཕན་འབྲས་མཐོ་རུ་གཏོང་རྒྱུ། གཞུང་དྲང་དང་ཕན་འབྲས་མཐོ་བ། དབང་གྲགས་ལྡན་པ་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་གོང་འཕེལ་དང་འཐུས་ཚང་བཟོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པས། ཁྲིམས་ལྟར་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་ཧུར་ཐག་བཏང་ནས་བསྒྱུར་བཅོས་ལ་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད་པ་རེད།

ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཝང་ཡུང་ཆིང་གིས་ཁྲིམས་འཛིན་སྒྲིག་གཞི་བསྒྱུར་བཅོས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་ལས་ཁུངས་སྒྲིག་ལུགས་ཨུ་ཡོན་ལྷན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། རྒྱལ་ཁབ་བདེ་འཇགས་པུའུ། ཁྲིམས་འཛིན་པུའུ། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་འབྲེལ་ཡོད་ཚན་པའི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས་ནས་བསམ་འཆར་གསན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག