མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་ཧྲིག་ཨེར་ལ་ཕེབས་ཏེ་ཧན་གོར་རྒྱལ་དོན་འཚམས་འདྲི་གནང་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-04 10:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་གསུམ་ཉིན་ཧྲིག་ཨེར་ལ་ཕེབས་ཏེ། ཧན་གོར་རྒྱལ་དོན་འཚམས་འདྲི་གནང་མགོ་བརྩམས།

ས་དེའི་དུས་ཚོད་ཚེས་གསུམ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་གཉིས་དང་སྐར་མ་བཅུ་ཡས་མས་སུ། ཞི་ཅིན་ཕེན་བཞུགས་པའི་ཆེད་བཏང་གནམ་གྲུ་ཧྲིག་ཨེར་མཁར་ལྷོ་གནམ་གྲུ་ཐང་དུ་བསླེབས། ཧན་གོའི་ཕྱི་འབྲེལ་པུའུ་ཀྲང་དབྱིན་པིན་ཧྲི་སོགས་ཧན་གོ་ཕྱོགས་ཀྱི་མཐོ་རིམ་དཔོན་པོ་གནམ་གྲུ་ཐང་དུ་སོང་སྟེ་ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་སོགས་ལ་བསུ་བ་ཞུས། ཝང་ཧུའུ་ཉིན་དང་ལིས་ཀྲན་ཧྲུའུ། དབྱང་ཅེ་ཁྲི་སོགས་གནམ་གྲུ་གཅིག་ཏུ་བསྡད་དེ་ཧྲིག་ཨེར་ལ་ཐོན།

ཧན་གོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཆིག་གོ་ཧུང་གནམ་གྲུ་ཐང་དུ་སོང་སྟེ་ཞི་ཅིན་ཕེན་སོགས་ལ་བསུ་བ་ཞུས།  

ཉིན་དེར། ཞི་ཅིན་ཕེན་གྱིས་ཧན་གོའི་ཁྲའོ་ཞན་ཉིན་རེའི་ཚགས་པ་དང་ཀྲུང་དབྱང་ཉིན་རེའི་ཚགས་པར། ཨེ་ཤ་ཡ་ཤར་ལྷོའི་ཉིན་རེའི་ཚགས་པར་བཅས་ཀྱི་སྟེང་མིང་བཀོད་པའི་རྩོམ་ཡིག་སྤེལ།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཧན་གོ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཉེར་གཉིས་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་གོ་དང་ཧན་གོ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཏེ། རྒྱལ་ཁབ་གཉིས་མིང་དོན་མཚུངས་པའི་ཁེ་ཕན་ཐུན་མོང་ཚོགས་པ་ཞིག་ཏུ་གྱུར་བར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་སྟེང་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་མིག་དཔེ་ལྟ་བུར་གྱུར་ཡོད། ངས་ཐེངས་འདིར་ཙུང་ཐུང་ཕིའོ་ཅིན་ཧོས་དང་མཉམ་དུ་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་བྱེད་རྒྱུ་དང་། ཧན་གོའི་ལས་རིགས་ཁག་གི་གྲོགས་པོ་དང་ཡོངས་ཁྱབ་ཏུ་འབྲེལ་འདྲིས་བྱས་ནས། ཕྱོགས་གཉིས་བར་ཐུན་མོང་གི་ལྟ་བ་གསར་བ་མང་པོ་འབྱུང་དུ་བཅུག་སྟེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་སྟོབས་ཤུགས་གསར་བ་སྣོན་ཐུབ་པར་ཡིད་ཆེས་བྱེད་བཞིན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག