ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་རྩ་འཛུགས་པུས་སྒྲིག་བཟོ་བྱས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་ཀློག་དེབ་དེ་སྤྱི་ཟླ6པའི་ཚེས23ཉིན་དཔར་སྐྲུན་བྱས་ཚུན། ས་གནས་ཁག་དང་། སྡེ་ཁག་ཁག རིགས་གཅིག་མཁས་པ། མཁས་དབང་། རྒྱ་ཆེའི་ལས་བྱེད་མང་ཚོགས་བཅས་ཀྱིས་རྒྱ་ཁྱབ་ཏུ་དོ་ཁུར་བྱས་པ་དང་གདེང་འཇོག་ཡག་པོ་བྱས་ཡོད་པ་རེད།
དུས་ཐུང་གཟའ་འཁོར་གཅིག་རིང་། ཀློག་དེབ་དེ་རྒྱལ་ཡོངས་སུ་དཔར་འགྲེམས་བྱེད་ཚད་དེབ་གྲངས་ས་ཡ་གཉིས་བརྒལ་བ་དང་། དཔེ་ཚོང་ཁང་ཆེ་གྲས་ཀྱི་དེབ་ནང་བྲིན་ཁ་རྒྱུགས་ཤོས་ཡིན་པ་རེད།
ས་གནས་ཁག་གི་ཏང་ཨུད་ལྟེ་གནད་ཀྱིས་ཀློག་དེབ་དེ་སློབ་སྦྱོང་གི་གལ་ཆེའི་ནང་དོན་གྲས་སུ་བཅུག་སྟེ། འཕྲལ་དུ་སློབ་སྦྱོང་བྱེད་རྒྱུ་སྒྲིག་འཛུགས་བྱས་ཡོད་པ་རེད། །