ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་བསྟུད་མར་ས་གནས་ཁག་གི་ཏང་ཡོན་ལས་བྱེད་པས་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ93འཁོར་བར་དྲན་གསོ་ཞུས་ཡོད་པ་རེད། ཉིན་ཤས་ནང་ཀྲུང་དབྱང་དང་ལས་རིགས་ཁག་གི་སྨྱན་སྦྱོར་ཚན་པ26གི་གསར་འགོད་པ་དང་རྩོམ་སྒྲིག་པ63གྱིས་གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་ཅང་ཤིའི་ཀན་ཀྲའུ་རུ་གསར་བརྗེའི་སྲོལ་རྒྱུན་སློབ་གསོའི་བྱེད་སྒོ་སྤེལ་ཡོད། ཞུན་ཨུ་རྫོང་དུ་རྩོམ་སྒྲིག་པ་དང་གསར་འགོད་པ་རྣམས་ནས་ས་གནས་དེ་གའི་གྲོང་མི་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་བྱས་པ་དང་། མའོ་ཙེ་ཏུང་ནས1930ལོར་བྲིས་གནང་བའི་ཡིག་འབྲུ་ཆིག་འབུམ་ཙམ་ཡོད་པའི་ཞུན་ཨུ་ཡི་བརྟག་དཔྱད་ཅེས་པ་སོགས་གསར་བརྗེའི་རིག་དངོས་ལ་ལྟ་སྐོར་བྱས་ཡོད་པ་རེད།
ཏང་གི་འཁྲུངས་སྐར་ལ་དྲན་གསོ་ཞུ་ཆེད། ས་གནས་ཁག་གིས་གསར་བརྗེའི་ལོ་རྒྱུས་ཀྱིས་བརྗོད་གཞི་བྱས་པའི་བརྗོད་དོན་གཙོ་བོའི་འཁྲབ་ཚན་འཁྲབ་སྟོན་བྱས་ཡོད། རྒྱལ་ཁབ་ཟློས་གར་ཁང་གིས་མཉམ་དཀྲོལ་གླུ་གཞས་ཟློས་གར་ཅང་ཅེ་ཞེས་པ་དང་། ཧྲའོ་ཧྲན་གྱི་གསར་བརྗེའི་རྣམ་པ་དངོས་མཚོན་པའི་ཟློར་གར་ཆེ་གྲས་ཀྲུང་གོར་མའོ་ཙེ་ཏུང་སྐུ་འཁྲུངས་ཞེས་པ། ཧའེ་ཁའུ་རུ་འཁྲབ་ཐེངས་དང་པོ་ཡིན་པའི་གཏམ་བརྗོད་ཟློར་གར་ཅའོ་ཡུས་ལུའུ་ཞེས་པ་བཅས་ཀྱིས་ལྟད་མོ་བ་རྣམས་སླར་ཡང་སེམས་འགུལ་ཐེབས་སུ་བཅུག་པ་རེད།
ཤིན་ཅང་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་། ཅང་སུའུ་ཀྲེང་ཅང་། ཧོ་ནན་ཕུའུ་ཡང་། ཧེ་ལུང་ཅང་ཆི་ཐའེ་ཧོ་བཅས་ཀྱི་སྡེ་ཁུལ་མང་ཚོགས། ཧྲན་ཤི་ཅིན་ཁྲེང་བྱིས་པ་ཚོ་བཅས་ནས་རྒྱུས་མངའ་ཆེ་བའི་གསར་བརྗེའི་གླུ་གཞས་བཏང་ཡོད་པ་རེད།
སྤྱི་ཚེས་༡ཉིན། ཀྲུང་གོའི་དཔེ་སྐྲུན་ཚོགས་པས་ཨན་ཡན་གྱི་རྫོང་ཁུལ་བཅུ་གསུམ་གྱི་སློབ་ཆུང་སློབ་མར་སྣེ་རིགས་མི་འདྲ་བ་བརྒྱ་ཡོད་པའི་གསར་བརྗེའི་སྤུས་ལེགས་མུ་འབྲེལ་རི་མོ་སོགས་སྤུས་ལེགས་དཔེ་དེབ་བཞི་ཁྲི་ཙམ་སྤྲད་ཡོད་པ་རེད།
ཀན་སུའུ་ཆིང་ཡང་དང་། ཀྲེ་ཅང་ཅ་ཤིང་། སི་ཁྲོན་ཀོང་ཨན། ཀོང་ཤི་ཕིན་ཞང་། ཧོ་པེ་ཧྲེ་ཅ་ཀྲོང་བཅས་ཀྱི་ཏང་ཡོན་དང་བླངས་པས་གསར་བརྗེའི་དྲན་གསོའི་ཁུལ་དུ་བསྐྱོད་དེ་ཏང་ཡོན་རྒན་གྲས་ལ་འཚམས་འདྲི་ཞུས་པ་དང་། ཏང་ནང་ཞུགས་དུས་ཀྱི་དམ་བཅར་ཕྱིར་དྲན་བྱས་ཡོད་པ་རེད།
ཧྲན་ཏུང་རོང་ཁྲེང་དང་། ཀོང་ཏུང་ཅང་མན་གྱི་མཐའ་སྲུང་དཔོན་དམག་གིས་གསར་བརྗེའི་རིག་དངོས་འགྲེམས་སྟོན་ལ་ལྟ་སྐོར་དུ་བསྐྱོད་པ་དང་། ཡུན་ནན་ཆུས་ཅིང་དུ་ཏང་གི་སྒྲིག་ཡིག་ཤེས་བྱའི་ཚོད་ལྟའི་ཡིག་རྒྱུགས་བཏང་བ། ཐན་ཅིན་གྲོང་ཁྱེར་དུ་བརྗོད་དོན་གཙོ་བོའི་འཁྲབ་སྟོན་བྱེད་སྒོ་སྤེལ་ཡོད། ཨན་ཧུའེ་ཨན་ཆིང་དང་། ཧྲེན་ཀྲེན་ཡན་ཐན། ལེའོ་ཉིང་ཞིང་ཆེན་ཡོངས་ཀྱི་ལས་གནས་ཐོག་ཡོད་པའི་ཏང་ཡོན་དགུ་འབུམ་ལྷག་ཙམ་གྱིས་སྡེ་ཁུལ་དུ་བསྐྱོད་དེ་རང་ངོས་ཀྱི་ལས་རིགས་ཁྱད་ཆོས་དང་ཟུང་སྦྲེལ་བྱས་ཏེ། མང་ཚོགས་ལ་འོས་འགན་ཞབས་ཞུ་བསྒྲུབས་ཡོད་པ་རེད།
སྤྱི་ཚེས་༡ཉིན། ཧུའུ་པེ་ཝུའུ་ཧན་ཡི་དགུང་ལོ84སོན་པའི་བགྲེས་སོང་ཁྲེན་དབྱི་ཕིང་དང་། ཀུའེ་ཀྲའུ་ཡི་དགུང་ལོ་༩༠སོན་པའི་ཀྲང་ཡུས་མིང་རྣམ་གཉིས་རང་ཉིད་ཀྱི་སེམས་ལ་བསམ་པ་ལྟར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་རྒྱུ་བྱུང་བ་དང་། ཁོང་རྣམ་པའི་ཚེ་གང་གི་ཕུགས་བསམ་མངོན་འགྱུར་བྱུང་ཡོད་པ་རེད། །