ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིན་གྱིས2014ལོ་ནས2018ལོའི་བར་གྱི་རྒྱལ་ཡོངས་ཏང་ཡོན་སློབ་གསོ་གསོ་སྦྱོང་ལས་དོན་གྱི་འཆར་འགོད་ཅེས་པ་དཔར་འགྲེམས་བྱས་པ་མ་ཟད། བརྡ་ཐོ་བཏང་ནས་ས་གནས་ཁག་དང་སྡེ་ཁག་ཁག་གིས་དོན་དངོས་དང་ཟུང་སྦྲེལ་བྱས་ནས་ལག་ལེན་དོན་འཁྱོལ་ནན་ཏན་བསྟར་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
2014ལོ་ནས2018ལོའི་བར་གྱི་རྒྱལ་ཡོངས་ཏང་ཡོན་སློབ་གསོ་གསོ་སྦྱོང་ལས་དོན་གྱི་འཆར་འགོད་ཅེས་པའི་མཛུབ་སྟོན་གྱི་བསམ་ཕྱོགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་རྒྱུ་དང་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་དོན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱི་མཛུབ་སྟོན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་ནན་ཏན་བསྟར་ཐོག ཏང་གི་སྲིད་སྐྱོང་བྱེད་ནུས་ཆེ་རུ་གཏོང་རྒྱུ་དང་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་གྱི་འཛུགས་སྐྱོང་བྱེད་རྒྱུའི་གཙོ་གནད་ཁོང་དུ་གང་ལེགས་ཆུད་པ་བྱས་ཏེ། སློབ་སྦྱོང་རྣམ་པ་དང་ཞབས་ཞུའི་རྣམ་པ། གསར་གཏོད་རྣམ་པ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་གི་བླང་བྱ་དང་མཐུན་པ་འཛུགས་སྐྱོང་བྱེད་དགོས་པ་དང་། ཁྱོན་ཡོངས་བསྒྱུར་བཅོས་གཏིང་ཟབ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་བར་དམིགས་ནས། ཏང་གཤིས་ལེགས་སུ་གཏོང་རྒྱུ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུས་གཙོ་གནད་བྱས་ནས་མུ་མཐུད་དེ་གཞི་ཁྱོན་ཆེན་པོས་ཏང་ཡོན་སློབ་གསོ་གསོ་སྦྱོང་བྱེད་དགོས་པ་དང་ཁྱོན་ཡོངས་ནས་ཏང་ཡོན་དཔུང་ཁག་བྱང་ཚད་ནུས་པ་མཐོ་རུ་གཏོང་རྒྱུ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུར་སྐུལ་འདེད་བཏང་ཐོག ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་གསར་པ་ཐོབ་རྒྱུ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གའོ་ཕུགས་འདུན་མངོན་འགྱུར་ཐུབ་ཆེད་དུ་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་རྒྱུ་དེ་ཡིན། གཞི་རྩའི་རྩ་དོན་ནི་ལྟ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཏང་ཡོན་ལ་ཞབས་འདེགས་ཞུ་རྒྱུ་དང་དགོས་མཁོ་ལ་གཞིགས་ནས་སློབ་གསོ་ལག་ལེན་བསྟར་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ། དོན་དངོས་དང་ཟུང་སྦྲེལ་དང་སློབ་སྦྱོང་བྱས་པ་བེད་སྤྱོད་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ། གཞི་རིམ་གྱི་གཙོ་བོ་བྱས་ནས་གོང་འོག་མཉམ་འགུལ་རྒྱུན་འཁྱོངས་བྱེད་རྒྱུ། གསར་གཏོད་རྒྱུན་འཛིན་དང་མངོན་སུམ་ནུས་པར་དོ་སྣང་བྱེད་པ་རྒྱུན་འཁྱོངས་བྱེད་རྒྱུ་བཅས་ཡིན།
གྱིས2014ལོ་ནས2018ལོའི་བར་གྱི་རྒྱལ་ཡོངས་ཏང་ཡོན་སློབ་གསོ་གསོ་སྦྱོང་ལས་དོན་གྱི་འཆར་འགོད་ཅེས་པའི་དམིགས་འབེན་ལས་འགན་ནི། 2014ལོར་འགོ་བརྩམས་ཏེ་དུས་ཡུན་ལོ་ལྔའི་དུས་ཚོད་བེད་སྤྱད་དེ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་དང་རྒྱུན་ལྡན་རང་བཞིན་གྱི་སློབ་གསོའི་རྨང་གཞིར་ཤུགས་སྣོན་ཏན་ཏིག་བརྒྱབ་ཐོག རྒྱ་ཆེའི་གཞི་རིམ་ཏང་ཡོན་ལ་སློབ་གསོ་གསོ་སྦྱོང་ཡོངས་ཁྱབ་ཏུ་བྱས་ནས་ཏང་ཡོན་གྱི་ཕུགས་འདུན་དད་སེམས་སྔར་བས་སྲ་བརྟན་དུ་གཏོང་བ་དང་ཏང་གིའདུ་ཤེས་ལ་སྔར་བས་ཤུགས་སྣོན་རྒྱག་པ། བསྒྱུར་བཅོས་ཀྱི་འདུ་ཤེས་སྔར་ལས་ལེགས་སུ་གཏོང་བ། ཕུལ་བྱུང་སྤྱོད་ཚུལ་སྔར་ལས་དར་སྤེལ་གཏོང་བ། འགན་འཁུར་ཞབས་ཞུའི་ནུས་པ་སྔར་བས་མཐོ་རུ་གཏོང་བ། གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་སྔར་ལས་གང་ལེགས་བྱེད་པ་བཅས་བྱས་ཏེ། ཏང་གི་གསོན་ཤུགས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་རྒྱུ་དེ་ཡིན་པ་རེད། །