མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཕྱི་འབྲེལ་པུའུ་ཡིས་རྒྱལ་ཁབ་ཕྱི་ནང་གི་སྨྱན་བྱད་ཀྱི་གནས་ཚུལ་ཁྱབ་སྒྲོག་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-02 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡིས་ཟླ་བདུན་པའི་ཚེས་གཅིག་ཉིན་རྒྱལ་ཁབ་ཕྱི་ནང་གི་སྨྱན་བྱད་ཀྱི་གནས་ཚུལ་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧན་གོ་ལ་རྒྱལ་དོན་འཚམས་འདྲི་མཛད་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

ཕྱི་འབྲེལ་པུའུ་ཡི་འགན་འཁུར་བས་མཚམས་སྦྱོར་བྱས་དོན། ཀྲུང་གོ་དང་ཧན་གོའི་བར་འབྲེལ་བ་བཙུགས་ནས་ལོ་ཉེར་གཉིས་ཀྱི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་་བ་དང་། ཕྱོགས་གཉིས་ཀྱིས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ཏེ་ཁྱབ་ཁོངས་མང་པོ་རུ་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་དུ་གྱུར་ཡོད། དེང་སྐབས་ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀ་འཕེལ་རྒྱས་ཆེན་པོའི་གནད་འགག་གི་དུས་སྐབས་སུ་གནས་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ཕྱོགས་ཡོངས་དང་རིམ་པ་མང་པོ་ནས་བརྗེ་རེས་དང་མཉམ་ལས་བྱེད་པར་རེ་སྒུག་བྱས་ཡོད་པར་མ་ཟད་ས་གནས་ཞི་བདེ་བརྟན་འཇགས་ཡོང་བ་དང་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ལ་སྦས་ཤུགས་ཆེན་པོ་ཡོད་པར་རེ་བ་བཅངས་ཡོད་ཟེར།

ཐེངས་འདིའི་འཚམས་འདྲི་ནི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་བཞེས་རྗེས་ཐེངས་དང་པོར་ཧན་གོར་འཚམས་འདྲི་གནང་བ་ཡིན། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཙུང་ཐུང་ཕེའོ་ཅིན་ཧོས་དང་གྲོས་མོལ་མཛད་དེ་ཀྲུང་གོ་དང་ཧན་གོའི་འབྲེལ་བའི་འཕེལ་རྒྱས་ཀྱི་གཞི་རྩའི་ཉམས་མྱོང་དང་གྲུབ་འབྲས་གལ་ཆེན་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱེད་རྒྱུ་དང་། འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པར་ཇུས་འགོད་བྱས་ནས་ཀྲུང་གོ་དང་ཧན་གོའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་རྒྱུ་རེད། ཕྱོགས་གཉིས་ཀྱིས་ད་དུང་ཐུན་མོང་གི་ཡིག་ཆ་འགྲེམ་སྤེལ་བྱེད་པ་དང་མཉམ་ལས་ཀྱི་གྲོས་མཐུན་རབ་དང་རིམ་པ་འགོད་རྒྱུ་རེད།

ཕྱི་འབྲེལ་པུའུ་ཡི་འགན་འཁུར་བས་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ད་ཐེངས་འཚམས་འདྲི་གནང་བ་བརྒྱུད་ནས་ཀྲུང་གོ་དང་ཧན་གོའི་འབྲེལ་བའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་ཆེན་པོ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་རོགས་ཤུགས་ཆེན་པོ་འདོན་སྤྲོད་བྱེད་པ་དང་། ས་གནས་དང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་པར་ཡིད་ཆེས་ཡོད་ཅེས་བཤད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག