མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་སུའུ་ཏན་ལྷོ་མའི་ཙུང་ཐུང་གཞོན་པར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-02 10:55

ཟླ་བདུན་པའི་ཚེས་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིན་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་སུའུ་ཏན་ལྷོ་མའི་ཙུང་ཐུང་གཞོན་པ། སུའུ་ཏན་མི་དམངས་བཅིངས་འགྲོལ་ལས་འགུལ་གྱི་ཀྲུའུ་ཞི་གཞོན་པ་ཝ་ཉིར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིན་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བདུན་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་སུའུ་ཏན་ལྷོ་མའི་ཙུང་ཐུང་གཞོན་པ། སུའུ་ཏན་མི་དམངས་བཅིངས་འགྲོལ་ལས་འགུལ་གྱི་ཀྲུའུ་ཞི་གཞོན་པ་ཝ་ཉིར་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར།ཀྲུང་གོ་སྲིད་གཞུང་གིས་སུའུ་ཏན་ལྷོ་མའི་མི་དམངས་ཀྱིས་རྒྱལ་ཁབ་རང་གི་གནས་ཚུལ་གཞིར་བཟུང་སྟེ་བདམས་པའི་འཕེལ་རྒྱས་བགྲོད་ལམ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པར་མ་ཟད། སུའུ་ཏན་ལྷོ་མར་མུ་མཐུད་དུ་རོགས་རམ་དང་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་ལྷོ་མའི་སྲིད་གཞུང་གིས་ཞི་བའི་བྱེད་ཐབས་བརྒྱུད་དེ་རྒྱལ་ནང་གི་ཉེན་ཁ་སེལ་བར་འབད་བརྩོན་བྱས་པར་གཟེངས་བསྟོད་མཛད་པ་དང་། སུའུ་ཏན་ལྷོ་མས་སྔ་མོ་ནས་མི་རིགས་འགྲིག་མཐུན་དང་བརྟན་འཇགས་ཡོང་བ་མངོན་འགྱུར་བྱེད་པར་རེ་སྒུག་བྱེད་ཀྱིན་ཡོད་ལ། ང་ཚོས་སུའུ་ཏན་ལྷོ་བྱང་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་རྒྱུ་ཡིན། ཀྲུང་གོ་སྲིད་གཞུང་གིས་སུའུ་ཏན་ལྷོ་མའི་སྲིད་གཞུང་གིས་ནུས་ལྡན་བྱེད་ཐབས་སྤྱད་དེ་ཀྲུང་གོའི་ཁེ་ལས་དང་མི་སྣའི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

ལིས་ཁི་ཆང་གིས་གསུངས་རྒྱུར། གནས་བབ་གསར་བའི་འོག ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་བར་ཐོན་ལས་དང་དངུལ་ལོར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། མི་གཞུང་བརྗེ་རེས། ཞི་བདེ་དང་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། མཉམ་དུ་ཨ་ཧྥེ་རི་ཁ་གླིང་གི་ལྕགས་ལམ་དང་གཞུང་ལམ། ས་ཁོངས་མཁའ་འགྲུལ་བཅས་འགྲིམ་འགྲུལ་དྲ་རྒྱ་ཆེན་པོ་གསུམ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར།

ཝ་ཉི་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁའི་ཤར་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ས་ཁོངས་ལྕགས་ལམ་སོགས་འགྲིམ་འགྲུལ་དྲ་རྒྱ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ལ། སུའུ་ཏན་ལྷོ་མས་ཀྲུང་གོའི་ཁེ་ལས་དང་མི་སྣའི་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག