མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཧྥ་རན་སིའི་མགྲོན་པོར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-02 10:55

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཟླ་བདུན་པའི་ཚེས་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་ཧྥ་རན་སིའི་གྲོས་ཁང་གི་བརྗེ་རེས་ནང་རྐྱེན་གྲོས་ཚོགས་ལ་ཞུགས་པའི་ཧྥ་རན་སིའི་གྲོས་ཞུགས་ཁང་གི་ཧྥ་རན་སི་དང་ཀྲུང་གོའི་མཛའ་མཐུན་ཚན་ཆུང་གི་ཀྲུའུ་ཞི་པེ་སུང་སོགས་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཟླ་བདུན་པའི་ཚེས་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་ཧྥ་རན་སིའི་གྲོས་ཁང་གི་བརྗེ་རེས་ནང་རྐྱེན་གྲོས་ཚོགས་ལ་ཞུགས་པའི་ཧྥ་རན་སིའི་གྲོས་ཞུགས་ཁང་གི་ཧྥ་རན་སི་དང་ཀྲུང་གོའི་མཛའ་མཐུན་ཚན་ཆུང་གི་ཀྲུའུ་ཞི་པེ་སུང་སོགས་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཀྲང་ཏི་ཅང་གིས་གསུངས་རྒྱུར། ལོ་མང་བོའི་རིང་ལ། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཧྥ་རན་སིའི་གྲོས་ཁང་བར་དུ་ཆུ་ཚད་མཐོ་བའི་བརྗེ་རེས་དང་མཉམ་ལས་སྲུང་འཛིན་བྱས་པ་དང་དེ་ནི་མཛའ་མཐུན་ཚན་ཆུང་དང་བརྗེ་རེས་ནང་རྐྱེན་གཉིས་ཀྱིས་འབད་བརྩོན་བྱས་པ་དང་འབྲལ་ཐབས་མེད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་ཁྱོན་ཡོངས་ལ་དམིགས་ཏེ་གནད་དོན་རྩད་གཅོད་དང་གནད་དོན་ལ་བསམ་གཞིགས་གཏོང་དགོས་ལ། མཛའ་མཐུན་ཚན་ཆུང་གི་ནུས་པ་མུ་མཐུད་དུ་འདོན་སྤེལ་གང་ལེགས་བྱེད་པ་དང་། བརྗེ་རེས་ནང་རྐྱེན་གྱི་དངོས་ཕན་མུ་མཐུད་ནས་ཇེ་དྲག་ཏུ་གཏོང་དགོས་པར་མ་ཟད། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ལ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་ནས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

པེ་སུང་གིས་བཤད་རྒྱུར། ཧྥ་རན་སིའི་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་མཉམ་དུ་ནང་རྐྱེན་བརྗེ་རེས་ལ་ཤུགས་བསྣན་ནས་ཧྥ་རན་སི་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག