ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་ཆོག་མཆན་བཀོད་པ་ལྟར། ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན། ཀྲུང་དབྱང་ལོག་ཆོས་སྔོན་འགོག་ཐག་གཅོད་གནད་དོན་མགོ་ཁྲིད་ཚན་ཆུང་གི་སྔོན་ཆད་ཀྱི་ཚན་གཙོ་གཞོན་པ། གཞུང་སྒྲུབ་ཁང་གི་ཀྲུའུ་རིན། སྤྱི་བདེ་པུའུ་ཡི་སྔོན་ཆད་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། པུའུ་ཀྲང་གཞོན་པ་ལིས་ཏུང་ཧྲིན་གྱི་ཁྲིམས་འགལ་ལུགས་འགལ་གྱི་ནག་ཉེས་ཚབས་ཆེན་གྱི་གནད་དོན་གྱོད་དོན་ཐོ་འགོད་བྱས་ནས་རྩད་གཅོད་བྱས།
རྩད་གཅོད་བྱས་པ་ལྟར། ལིས་ཏུང་ཧྲིན་གྱིས་འགན་དབང་ལ་བརྟེན་ནས་མི་གཞན་གྱིས་ཁེ་ཕན་ལེན་པར་མཐུན་རྐྱེན་བསྐྲུན་ཏེ་ལྐོག་དངུལ་འབོར་ཆེན་བླངས།
ལིས་ཏུང་ཧྲིན་གྱི་གོང་གི་བྱ་སྤྱོད་ཀྱིས་ཁྲིམས་འགལ་གྱི་ནག་ཉེས་ཚབས་ཆེན་བཟོས་ཡོད་པ་དང་། དེའི་ནང་ལྐོག་དངུལ་ལེན་པའི་གནད་དོན་དེ་ཁྲིམས་འགལ་ནག་ཉེས་བཟོས་པར་གཏོགས། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སོགས་འབྲེལ་ཡོད་ཆོད་དོན་ལྟར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་ཞིབ་འཇུག་བྱས་པར་མ་ཟད་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱིས་དེར་གྲོས་ཞིབ་བྱེད་པར་ཡར་ཞུ་བྱས་ནས། ལིས་ཏུང་ཧྲིན་ཏང་ནང་ལས་ཕྱིར་ཕུད་དེ། ཀྲུང་དབྱང་ཨུ་ཡོན་གྱི་ཚང་འཛོམས་གྲོས་ཚོགས་བསྡུ་སྐབས་དོན་དེ་ཁས་ལེན་བྱེད་རྒྱུ་དང་། ལྟ་ཞིབ་པུའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལིས་ཏུང་ཧྲིན་ལ་སྲིད་འཛིན་ཐད་ནས་ཆད་གཅོད་བྱེད་པར་ཆོག་མཆན་འགོད་པར་རེ་ཞུ་བྱེད་རྒྱུ། ལིས་ཏུང་ཧྲིན་གྱི་དོགས་ཡོད་ནག་ཉེས་གནད་དོན་ཁྲིམས་འཛིན་ལས་ཁུངས་ལ་སྤྲད་དེ་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུའི་ཐག་བཅད། །