མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྤྱོད་ཚུལ་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅུ་དྲུག་པ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-01 11:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར་སྤྱོད་ཚུལ་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅུ་དྲུག་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཐུན་མོང་གི་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་གསུངས་རྒྱུར། སྤྱོད་ཚུལ་དམ་འཛིན་བྱེད་པ་ནི་ཏང་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་བཟོ་སྐྲུན་གསར་བའི་རྐང་འཛུགས་ས་དང་གཞི་འཛིན་ས་ཡིན་པས་ངེས་པར་དུ་ཏང་ལ་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཏང་ལ་དོ་དམ་དང་ཏང་ལ་བཅོས་སྐྱོང་བྱེད་པའི་འགན་འཁྲི་དངོས་འབེབས་བྱེད་དགོས་ལ། སྤྱོད་ཚུལ་འཛུགས་སྐྲུན་གྱི་རེ་བ་དེ་ཏང་གི་བསམ་བློའི་འཛུགས་སྐྲུན་དང་རྩ་འཛུགས་འཛུགས་སྐྲུན། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་འཛུགས་སྐྲུན། ལམ་ལུགས་འཛུགས་སྐྲུན་བཅས་ཀྱི་ཁྲོད་དུ་ལག་བསྟར་བྱས་ནས། ཏང་གི་འཛུགས་སྐྲུན་བྱ་བའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། སྤྱོད་ཚུལ་དམ་འཛིན་བྱེད་སྐབས་དེང་སྐབས་འབུར་དུ་ཐོན་པའི་གནད་དོན་ཐག་གཅོད་དགོས་པར་མ་ཟད་ཡུན་རིང་ལ་ཕན་ནུས་ལྡན་པའི་ནང་རྐྱེན་འཛུགས་པར་ཡིད་འཇོག་ཆེན་པོ་བྱེད་དགོས་པ་དང་། རྒྱུན་མཐུད་སྒོས་ཧུར་ཐག་བྱས་ནས་བྱ་བ་སོ་སོའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་དགོས་ཟེར།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་གསུམ་ལོན་པའི་སྐབས་སུ་ཞི་ཅིན་ཕེན་གྱིས་ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་དང་ཏང་གི་བྱ་བ་སྒྲུབ་མཁན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས།

ཞི་ཅིན་ཕེན་གྱིས་ཐུན་མོང་གི་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་གསུངས་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། ལོ་ངོ་གོ་གསུམ་གྱི་རིང་ལ། ང་ཚོ་ཏང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་པ་དང་དཀའ་སྤྱད་སྡུག་རུས་སྒོས་འབད་བརྩོན་བྱས་པ་བརྒྱུད། གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ཐད་ནས་གྲུབ་འབྲས་རླབས་ཆེན་བླངས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཐད་ནས་སྔོན་ཆད་བྱུང་མ་མྱོང་བའི་འོད་སྟོང་འབར་བའི་མདུན་ལྗོངས་མངོན་པར་བྱས། ང་ཚོས་བླངས་པའི་གྲུབ་འབྲས་ཇི་ལྟར་ཆེ་ན་མི་དམངས་ཀྱིས་ང་ཚོར་དེ་བས་གཟེངས་བསྟོད་ཆེན་པོ་བྱེད་པ་དང་། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཏང་གི་ལོ་རྒྱུས་དང་དངོས་ཡོད། ཁྱད་སྟོབས། མི་འདང་ས། གྲུབ་འབྲས། འགལ་བ། གནད་དོན་སོགས་གསལ་བོར་ཤེས་པར་བྱེད་པ་དང་། ཏང་ལ་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་ལ་དོ་དམ་དང་འཛུགས་སྐྲུན་བཟང་བོ་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་དང་དངོས་འབེབས་བྱེད་རྒྱུ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་པ་དང་། སྤྱོད་ཚུལ་གནད་དོན་ཐག་གཅོད་རྒྱུ་ནི་རྒྱུན་ལྡན་རང་བཞིན་གྱི་བྱ་བ་ཞིག་ཡིན་པས་ངེས་པར་དུ་དུས་རྒྱུན་དང་ཞིབ་ཕྲ། ཡུན་རིང་བཅས་ཀྱི་སྒོ་ནས་དམ་འཛིན་བྱེད་དགོས། བཅོས་སྒྱུར་གྱི་སྙིང་སྟོབས་དང་ཁྲིམས་སྐྱོང་གི་བསམ་ཕྱོགས་མཚོན་པར་བྱེད་ན་ཀྲུང་དབྱང་གི་རེ་བ་དང་མང་ཚོགས་ཀྱི་རེ་སྒུག དོན་དངོས་ཀྱི་དགོས་མཁོ། ཉམས་མྱོང་གསར་བ་བཅས་ཟུང་འབྲེལ་བྱེད་པ་དང་། ཧུར་ཐག་སྒོས་ཁོངས་གཏོགས་ཆ་ཚང་ཡིན་པའི་ལམ་ལུགས་མ་ལག་ཆགས་པར་བྱེད་དགོས་ལ། འགྱུར་མེད་ཀྱི་ལམ་ལུགས་དང་གཏན་འཁེལ་དང་གཟབ་ནན་ཡིན་པའི་ལམ་ལུགས་ལག་བསྟར་བྱས་ནས། སྤྱོད་ཚུལ་ལེགས་སྒྱུར་བྱེད་པ་དེ་ཚད་ལྡན་ཅན་དང་རྒྱུན་ལྡན་ཅན། ཕན་ནུས་ཅན་དུ་འགྱུར་བ་འགན་སྲུང་བྱེད་དགོས་པར་མ་ཟད་སྤྱོད་ངན་བཞི་ཡི་རྣམ་པ་ཡང་བསྐྱར་འབྱུང་བ་སྔོན་འགོག་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག