མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་གིས་ཞུའུ་ཚེ་ཧིག་ཏང་ནང་ནས་ཕྱིར་ཕུད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-01 11:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་མགོ་འཛིན་མཛད་དེ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞུའུ་ཚེ་ཧིག་གིས་ཁྲིམས་འགལ་ལུགས་འགལ་གྱི་ནག་ཉེས་ཚབས་ཆེན་བཟོས་པའི་གྱོད་གཞི་ལ་འདྲི་གཅོད་དང་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་ལ་ཉན་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་དང་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་གི་འབྲེལ་ཡོད་གཏན་འཁེལ་ལྟར། ཞུའུ་ཚེ་ཧིག་ཏང་ནང་ནས་ཕྱིར་འཕུད་པའི་ཆད་པ་བཅད་པ་དང་། དེའི་ལྐོག་ཟའི་ནག་ཉེས་གནད་དོན་ལ་འབྲེལ་བ་ཡོད་པའི་ཁུངས་སྣེ་དེ་ཆེས་མཐོའི་མི་དམངས་ཁྲིམས་ཁང་ལ་སྤྲད་པ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་དམག་དོན་ཞིབ་བཤེར་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱེད་པའི་དབང་ཆ་གནང་།

ཉིས་སྟོང་བཅུ་བཞི་ལོའི་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཏང་གི་སྒྲིག་ལམ་སྲོལ་ཡིག་ལྟར། ཞུའུ་ཚེ་ཧིག་གི་ཁྲིམས་འགལ་ལུགས་འགལ་གྱི་གནད་དོན་ཐད་ལ་རྩ་འཛུགས་བྱས་ནས་ཞིབ་བཤེར་བྱས། འདྲི་གཅོད་དང་ཞིབ་བཤེར་བྱས་པ་བརྒྱུད། ཞུའུ་ཚེ་ཧིག་གིས་འགན་དབང་ལ་བརྟེན་ནས་མི་གཞན་པའི་གོ་གནས་འཕར་བར་རོགས་རམ་འདོན་སྤྲོད་བྱས་པ་དང་ཐད་ཀར་དང་ཡང་ན་ཁྱིམ་མི་བརྒྱུད་དེ་ལྐོག་རྔན་བླངས་ཤིང་། འགན་དབང་ལ་བརྟེན་ནས་མི་གཞན་གྱིས་ཁེ་ཕན་ལེན་པར་མཐུན་རྐྱེན་སྐྲུན་པ་དང་རང་གི་ཁྱིམ་མིས་གཞན་གྱི་རྒྱུ་ནོར་ཧམ་བཟའ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་ལ་འགལ་བར་མ་ཟད་ནག་ཉེས་ཆེན་པོ་བཟོས་པ་དང་། གནས་ཚུལ་ཚབས་ཆེ་ཞིང་ཤན་ཤུགས་མི་ལེགས་པ་ཐེབས།

ཚོགས་ཐོག་ནས་བསྟན་དོན། མི་དམངས་དམག་དཔུང་ནི་དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱིས་ཡིད་རྟོན་རུང་བའི་དཔུང་སྡེ་ཞིག་ཡིན། དམག་དཔུང་གི་བསམ་བློ་ཆབ་སྲིད་འཛུགས་སྐྲུན་དང་སྤྱོད་ཚུལ་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་ན། རྒྱ་ཆེའི་དཔོན་དམག་གིས་ཏང་དང་དམག་དཔུང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་བོ་རྒྱུན་འཛིན་དང་དར་སྤེལ་བྱེད་པར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱེད་དགོས་པ་དང་། ཆབ་སྲིད་ཐད་ནས་ནམ་ཡང་བློ་རྩ་བརྟན་ཞིང་བསམ་བློའི་ཀུན་སྤྱོད་ཡང་དག་ཡིན་དགོས་ལ། དམག་དཔུང་གི་གཅིག་སྡུད་གཅིག་གྱུར་སྲུང་འཛིན་བྱེད་པ་དང་། ཧུར་ཐག་སྒོས་ཏང་གི་གནས་བབ་གསར་བའི་འོག་ཏུ་སྟོབས་ལྡན་དམག་དཔུང་གི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག