མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་འབར་མའི་ཙུང་ཐུང་དང་རྒྱ་གར་གྱི་ཙུང་ཐུང་གཞོན་པར་སོ་སོར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-30 11:10

李克强会见缅甸总统吴登盛1.jpg

   ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འབར་མའི་ཙུང་ཐུང་བུའུ་ཏིན་ཧྲིན་ལ་མཇལ་འཕྲད་གནང་།

李克强会见缅甸总统吴登盛2.jpg

   ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱ་གར་གྱི་ཙུང་ཐུང་གཞོན་པ་ཨན་ས་ལིས་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འབར་མའི་ཙུང་ཐུང་བུའུ་ཏིན་ཧྲིན་དང་རྒྱ་གར་གྱི་ཙུང་ཐུང་གཞོན་པ་ཨན་ས་ལིས་གཉིས་ལ་སོ་སོར་མཇལ་འཕྲད་གནང་བ་དང་། ཁོ་ཚོ་ཀྲུང་གོར་འཚམས་འདྲིར་ཡོང་བར་མ་ཟད་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་འགྲེམ་སྤེལ་བྱས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྗེས་དྲན་བྱེད་པའི་བྱ་འགུལ་ཁྲོད་ཞུགས་པར་ཡོང་བར་དགའ་བསུ་ཞུས།

  བུའུ་ཏིན་ཧྲིན་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་འབར་མ་གཉིས་བར་གྱི་མཛའ་བཤེས་ལ་ལོ་རྒྱུས་ཡུན་རིང་ལྡན་ལ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་སྟེང་། རྒྱལ་ཁབ་གཉིས་ཀྱི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཕྱོགས་དང་ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་དམ་པོ་བྱེད་པ་དང་། མཐོ་རིམ་བར་གྱི་འགྲོ་འོང་ཇེ་དམ་དུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་ཐོན་ལས་ཇུས་གཞི་དང་ཟུང་འབྲེལ་བྱས་ནས། ཐོན་ཁུངས་དང་མ་དངུལ། ཚོང་ར་བཅས་ཐད་ཀྱི་ཕན་ཚུན་ཁ་གསབ་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་དེ། མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་འདོད་ཡོད་ཟེར།

  བུའུ་ཏིན་ཧྲིན་གྱིས་གསུངས་རྒྱུར། ཀྲུང་གོ་ནི་འབར་མའི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ་ཡིན། ཀྲུང་གོས་དུས་ཡུན་རིང་བོར་འབར་མར་རོགས་སྐྱོར་ཆེན་པོ་བྱས། འབར་མ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་རྒྱུན་འཛིན་དང་དར་སྤེལ་བྱས་ནས། རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་གྲོས་མཐུན་ལག་བསྟར་བཟང་བོ་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། རྨང་གཞིའི་སྒྲིག་ཆས་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

  ཨན་ས་ལིས་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་གསུངས་རྒྱུར། ང་ཚོས་རྒྱ་གར་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་ཚོང་ར་ཆེན་པོ་འབྲེལ་མཐུད་སྔར་ལས་བཟང་བོ་བྱས་ནས། ཕན་ཚུན་བར་གྱི་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོ་དམ་པོར་བཟུང་སྟེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་དགོས་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་དང་ཞི་བའི་གྲོས་མོལ་གྱི་ཐབས་ལམ་བརྒྱུད་དེ་མཐའ་མཚམས་ཀྱི་གནད་དོ་འོས་འཚམ་སྒོས་ཐག་གཅོད་བྱས་ནས། མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

  ཨན་ས་ལིས་ཀྱིས་བཤད་རྒྱུར། རྒྱ་གར་གྱི་སྐབས་གསར་བའི་སྲིད་གཞུང་གིས་རྒྱ་གར་དང་ཀྲུང་གོའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་སྟེང་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་སྔར་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག