མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཐའེ་པེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཧོ་ལུང་པིན་སོགས་ལ་མཇལ་འཕྲད་གནང་།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-29 10:52

 俞正声会见台北市长郝龙斌.jpg

ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་གཞོན་པ། ཐའེ་པེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཧོ་ལུང་ཧིན་སོགས་ལ་མཇལ་འཕྲད་གནང་། 

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་གཞོན་པ། ཐའེ་པེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཧོ་ལུང་ཧིན་སོགས་ལ་མཇལ་འཕྲད་གནང་།

    ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ནི་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་ལོ་རྒྱུས་ཀྱི་བཞུར་རྒྱུན་དང་བསྟུན་ནས་གཏན་ལ་ཕབ་པའི་ཐུན་མོང་གི་གདམ་གསེས་ཡིན་ལ། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་ཁེ་ཕན་དང་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་གི་ཁེ་ཕན་དང་མཐུན། ང་ཚོས་མུ་མཐུད་དུ་ཐའེ་ཝན་སྤུན་ཟླ་དང་མཉམ་དུ་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཐའེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་དགོས་པར་མ་ཟད། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་བ་དང་། མཚོ་འགག་འགྲམ་གཉིས་ཀྱི་མི་དམངས་ལ་བདེ་སྐྱེད་བསྐྲུན་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འབར་བའི་མདུན་ལྗོངས་མཉམ་དུ་གསར་གཏོད་བྱེད་དགོས་ཟེར།

    ཧོ་ལུང་པིན་གྱིས་མཚོ་འགག་ཕྱོགས་གཉིས་ཀྱིས་མཚོ་འགག་འགྲམ་གཉིས་ཀྱི་མི་དམངས་ཀྲུང་ཧྭ་མི་རིགས་ལ་གཏོགས་པ་དང་ཀྲུང་ཧྭའི་རིག་གནས་བཀོལ་བར་གཅིག་མཐུན་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། བརྗེ་རེས་དང་མཉམ་ལས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ཕན་ཚུན་བར་ཡིད་ཆེས་སྔར་ལས་དམ་པོ་ཡོང་བར་བྱེད་དགོས་ཟེར།

    ཡུས་ཀྲིན་ཧྲིན་གྱིས་ཐའེ་པེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཧོ་ལུང་པིན་སོགས་ལ་མཇལ་འཕྲད་གནང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག