མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་འབར་མའི་ཙུང་ཐུང་བུའུ་ཏིན་ཧྲིན་དང་གྲོས་མོལ་མཛད།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-29 10:52

习近平同缅甸总统吴登盛举行会谈.jpg

ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འབར་མའི་ཙུང་ཐུང་བུའུ་ཏིན་ཧྲིན་དང་གྲོས་མོལ་མཛད། གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ནས་མཛད་སྒོ་བསྡུས་ཏེ་འབར་མའི་ཙུང་ཐུང་བུའུ་ཏིན་ཧྲིན་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ནས་མཛད་སྒོ་བསྡུས་ཏེ་འབར་མའི་ཙུང་ཐུང་བུའུ་ཏིན་ཧྲིན་རང་རྒྱལ་དུ་རྒྱལ་དོན་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས།

    དགའ་བསུ་ཞུ་བའི་མཛད་སྒོ་མཇུག་རྫོགས་རྗེས། ཞི་ཅིན་ཕེན་གྱིས་བུའུ་ཏིན་ཧྲིན་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་བར་ཀྲུང་གོ་དང་འབར་བ་གཉིས་ཀྱི་མཛའ་མཐུན་འབྲེལ་བའི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོ་དང་འབར་མའི་བར་གྱི་འབྲེལ་བ་མུ་མཐུད་དུ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བར་གཅིག་གྱུར་སྒོས་འཐད་པ་བྱུང་།

    ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དེང་སྐབས་རྒྱལ་སྤྱི་དང་ས་གནས་ཀྱི་གནས་བབ་ལ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་ལ། རྒྱལ་ཁབ་གཉིས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་དུས་རིམ་གལ་ཆེན་ཞིག་ཏུ་གནས་ཡོད་པས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བ་དང་ཡུན་རིང་གི་ཁེ་ཕན་གཞིར་བཟུང་སྟེ། ཀྲུང་གོ་དང་འབར་མ་གཉིས་ཀྱི་མཛའ་མཐུན་འབྲེལ་བའི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྐྱིད་སྡུག་མཉམ་མྱོང་དང་། ཕན་ཚུན་བར་ཡིད་ཆེས་དང་མཉམ་ལས་བྱེད་པའི་སྲོལ་རྒྱུན་རྒྱུན་འཁྱོངས་བྱས་ནས། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་ཧུར་ཐག་སྒོས་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་འབར་མའི་བར་གྱི་འབྲེལ་བ་མུ་མཐུད་དུ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

    བུའུ་ཏིན་ཧྲིན་གྱིས་གསུངས་རྒྱུར། ཀྲུང་གོ་ནི་འབར་མའི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ་ཡིན། འབར་མ་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་འབར་མར་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཀྲུང་གོའི་ཁེ་ཕན་གཙོ་བོ་དང་གནད་དོན་གལ་ཆེན་ཐད་ནས་ཀྲུང་གོ་ཕྱོགས་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། འབར་མ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་སྲོལ་རྒྱུན་མཛའ་བཤེས་རྒྱུན་འཛིན་བྱས་ནས། འབར་མ་དང་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

    རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་ད་རུང་ཕྱོགས་གཉིས་ཀྱི་རིག་གནས་དང་སློབ་གསོ། འཕྲོད་བསྟེན་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག