མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཡིག་བསྐུར་ངོ་བཅར་ཞུ་གཏུགས་ཅུས་ཀྱི་ཅུས་ཀྲང་གཞོན་པས་ཁྲིམས་འགལ་གྱི་ཉེས་པ་བསགས་པས་ཏང་ཁོངས་ནས་ཕུད་པ།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-29 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཡིག་བསྐུར་ངོ་བཅར་ཞུ་གཏུགས་ཅུས་ཀྱི་ཏང་ཚོ་ཆུང་གི་དེ་སྔའི་ཁོངས་མི། ཅུས་ཀྲང་གཞོན་པ་ཞིའུ་ཅེ་ཡིས་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་ལ་གཞིགས་ནས་གྱོད་དོན་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད་ཞིའུ་ཅེ་ཡིས་འགན་གནས་ཐོག་གི་སྟབས་བདེ་སྤྱད་ནས་འབྲེལ་ཡོད་ཚན་པའམ་མི་སྒེར་གྱི་ཁེ་ཕན་སྒྲུབ་ཐོག ལྐོག་རྔན་འབོར་ཆེན་བླངས་ཡོད་པ་དང་། རྒྱལ་ཁབ་ཡིག་བསྐུར་ངོ་བཅར་ཞུ་གཏུགས་ཅུས་ཀྱི་སྣེ་ལེན་སར་ཐོན་པའི་ཚབས་ཆེའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་མང་པོའི་འགན་འཁྲི་འཁུར་དགོས་པ། ད་དུང་གཡེམ་འཆལ་གྱི་བྱ་ངན་སྤེལ་ཡོད་པ་རེད། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་གི་འབྲེལ་ཡོད་གཏན་འབེབ་ལ་གཞིགས་ནས། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱིས་གྲོས་ཞིབ་དང་ཆབས་ཅིག་ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཞུས་པ་བརྒྱུད། ཞིའུ་ཅེ་ཏང་ཁོངས་ནས་ཕྱིར་འབུད་གཏོང་རྒྱུའི་ཐག་བཅད་པ་དང་། ཉེས་བསགས་དང་འབྲེལ་བ་ཡོད་པའི་གནད་དོན་དང་ཁུངས་སྣེ་ཁྲིམས་འཛིན་ལས་ཁུངས་ནས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་བསྐྱལ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག