མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འབར་མའི་ཙུང་ཐུང་ཝུའུ་ཏིན་ཧྲིན་ལ་མཇལ་འཕྲད་གནང་།

རྩོམ་པ་པོ། དཔའ་བརྟན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-28 10:59

6月27日,全国人大常委会委员长张德江在北京人民大会堂会见缅甸总统吴登盛。.jpg

ཚེས་ཉེར་བདུན་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འབར་མའི་ཙུང་ཐུང་ཝུའུ་ཏིན་ཧྲིན་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉེར་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འབར་མའི་ཙུང་ཐུང་ཝུའུ་ཏིན་ཧྲིན་ལ་མཇལ་འཕྲད་གནང་།

    ཀྲང་ཏི་ཅང་གིས་གསུང་རྒྱུར། ཁྱད་པར་ཅན་གྱི་སའི་འབྲེལ་བ་དང་མཛའ་མཐུན་འབྲེལ་བ་ཡིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བ་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་མདུན་ལྗོངས་རྒྱ་ཆེ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོང་ལྷོད་མེད་བྱས་ཏེ། རྒྱུན་ཆད་མེད་པར་འཐབ་ཇུས་མཉམ་ལས་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་བའི་ངང་ནས་འཕེལ་རྒྱས་ཀྱི་བགྲོད་ལམ་ཡང་དག་ཅིག་ཏུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་འབར་མའི་གྲོས་ཁང་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་ཀྱི་མཉམ་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་ཕན་ཚུན་བར་གྱི་མཛའ་མཐུན་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་ཡིད་ཆེས་དང་རྒྱུས་ལོན་ཇེ་ཟབ་ཏུ་བཏང་ནས་ཀྲུང་གོ་དང་འབར་མ་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་འབྲེལ་བའི་ནང་རྐྱེན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད་ཟེར།

    ཝུའུ་ཏིན་ཧྲིན་གྱིས་བཤད་རྒྱུར། ཀྲུང་གོ་ནི་འབར་མ་རྒྱལ་ཁབ་ཀྱི་ཆེས་བཟང་བའི་གྲོགས་པོ་དང་ཁྱིམ་མཚེས་ནང་གི་གཅིག་ཡིན་ལ། འབར་མ་ཕྱོགས་ཀྱིས་ཀྲུང་གོས་དུས་རྒྱུན་དུ་རོགས་རམ་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུ་བཞིན་ཡོད་པར་མ་ཟད། རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་མཐུན་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་གཉིས་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག