མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དར་གོས་ཚོང་ལམ་ས་ཁུལ་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་བུའུ་ལུའུ་མུའུ་ཆི་གྲོང་ཁྱེར་ནས་ཚོགས་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-27 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«ཁེ་ལས་ལ་འབྲེལ་བ་ཡོད་པའི་དངུལ་བསྡུའི་དོ་དམ་ལ་སྔར་ལས་ཤུགས་བསྣན་ནས་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་སྐོར་གྱི་བརྡ་ཐོ»འགྲེམ་སྤེལ་བྱས་ཏེ། ཁེ་ལས་ལ་འབྲེལ་བ་ཡོད་པའི་དངུལ་བསྡུའི་དོ་དམ་བྱ་བར་ཤུགས་བསྣན་ནས་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བར་བཀོད་སྒྲིག་བྱས།

«བརྡ་ཐོ»ལས་ཁེ་ལས་ལ་འབྲེལ་བ་ཡོད་པའི་དངུལ་བསྡུའི་དོ་དམ་ལ་སྔར་ལས་ཤུགས་བསྣན་ནས་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ལས་འགན་གཙོ་བོ་གསལ་བོར་བཏོན་ཡོད། གཅིག ཁེ་ལས་ལ་འབྲེལ་བ་ཡོད་པའི་དངུལ་བསྡུའི་རྩིས་ཐོ་ལམ་ལུགས་འཛུགས་པ་དང་ལག་བསྟར་བྱས་ཏེ། ཁེ་ལས་ལ་འབྲེལ་བ་ཡོད་པའི་སྲིད་འཛིན་ལས་དོན་རང་བཞིན་གྱི་དངུལ་བསྡུ་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ། སྲིད་གཞུང་གིས་གཏན་འཁེལ་བྱས་པའི་རིན་གོང་དང་ཡང་ན་མཛུབ་སྟོན་རིན་གོང་ལག་བསྟར་བྱེད་པའི་བདག་གཉེར་ཞབས་ཕྱི་རང་བཞིན་གྱི་དངུལ་བསྡུའི་ཐད་ལ་རྩིས་ཐོ་དོ་དམ་ལག་བསྟར་བྱེད་དགོས་པར་མ་ཟད་ཁྱབ་སྒྲོག་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་ལྟ་རྟོག་དང་ལེན་བྱེད་དགོས། གཉིས། ཁེ་ལས་ལ་འབྲེལ་བ་ཡོད་པའི་སྲིད་འཛིན་ལས་དོན་རང་བཞིན་གྱི་དངུལ་བསྡུ་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ལས་གཞི་ལ་ཞིབ་བཤེར་ནན་མོ་བྱས་ནས་ཆོག་མཆན་འགོད་དགོས། གསུམ། སྲིད་འཛིན་གྱིས་ཞིབ་བཤེར་ཆོག་མཆན་འགོད་པའི་ཞབས་ཕྱིའི་ལས་གཞི་དང་དངུལ་བསྡུའི་ལམ་ལུགས་ཚད་ལྡན་དུ་བཏང་ནས། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཞི་འཛིན་ས་མེད་པའི་སྲིད་འཛིན་གྱིས་ཞིབ་བཤེར་ཆོག་མཆན་བཀོད་པའི་ཞབས་ཕྱིའི་ལས་གཞི་ཡོད་ཚད་མེད་པར་གཏོང་དགོས། བཞི། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་བཟོས་པའི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་ཞིབ་བཤེར་དང་རྩད་གཅོད་ནན་མོ་བྱས་ནས། ཁྲིམས་དང་འགལ་ནས་བཙུགས་པའི་ཁེ་ལས་ལ་འབྲེལ་བ་ཡོད་པའི་དངུལ་བསྡུའི་ལས་གཞི་སྣ་ཚོགས་མེད་པར་གཏོང་དགོས། ལྔ། ཁེ་ལས་ལ་འབྲེལ་བ་ཡོད་པའི་དངུལ་བསྡུའི་ལམ་ལུགས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་དགོས་པ་བཅས་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག