མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མགོ་གཙོ་གྲོས་ཚོགས་ཐེངས་ཉེར་གསུམ་པ་བསྡུས་པར་རྟེན་འབྲེལ་ཞུ་བའི་གློིག་འཕྲིན་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-27 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་དྲུག་ཉིན་ཁྲི་ཏའོ་ཅི་ནེ་ཡའི་རྒྱལ་ས་མ་ལ་པའོ་ནས་བསྡུས་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མགོ་གཙོ་གྲོས་ཚོགས་ཐེངས་ཉེར་གསུམ་པར་གློག་འཕྲིན་བཏང་སྟེ། གྲོས་ཚོགས་བསྡུས་པའི་ཐད་ལ་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་མི་དམངས་ལ་རྟེན་འབྲེལ་ཞུས།

ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་ཨ་ཧྥེ་རི་ཁ་མནའ་འབྲེལ་དང་ཨ་ཧྥེ་རི་ཁ་གླིང་གཅིག་གྱུར་རྩ་འཛུགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གྱི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་དར་རྒྱས་སུ་གཏོང་བ། ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་ཐད་ལ་བྱས་རྗེས་གལ་ཆེན་བཞག་པར་གདེང་འཇོག་ཚད་མཐོན་པོ་གནང་། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་མཉམ་འབྲེལ་སྒོས་སྟོབས་ལྡན་དུ་གཏོང་བ་དང་གཞི་གཅིག་ཅན་དུ་བསྒྱུར་བའི་ལས་དོན་ལ་བློ་བརྟན་འགྱུར་མེད་སྒོས་རོགས་སྐྱོར་བྱེད་ཀྱིན་ཡོད་ལ། མཐུན་སྒྲིལ་གྱི་ཨ་ཧྥེ་རི་ཁ་གླིང་དང་སྟོབས་དང་ལྡན་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཞིག་འབྱུང་བར་རེ་བ་བྱེད་ཀྱིན་ཡོད་པར་མ་ཟད། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་མི་དམངས་ཀྱིས་ཞི་བདེ་དང་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་བརྩོན་ལེན་བྱེད་པ་དང་། ཨ་ཧྥེ་རི་ཁ་གླིང་བསྐྱར་དར་གྱི་རླབས་ཆེན་ཕུགས་འདུན་སྔ་མོ་ནས་མངོན་འགྱུར་བྱེད་པར་སྙིང་ཐག་པ་ནས་སྨོན་འདུན་ཞུས་པ་ཡིན་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་མཛའ་མཐུན་མཉམ་ལས་དེ་མི་དམངས་ཐེར་འབུམ་གཉིས་དང་དུང་ཕྱུར་གསུམ་བདེ་སྐྱིད་ཡོང་བར་འབྲེལ་བ་ཡོད་ལ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་དང་མཉམ་ལས་ལ་སྐུལ་འདེད་གཏོང་བར་ཡང་ཕན་པ་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོ་ནམ་ཡང་ཨ་ཧྥེ་རི་ཁ་གླིང་བློ་གཏད་ཆོག་པའི་གྲོགས་པོ་བཟང་བོ་ཡིན། ད་ལྟ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་མཉམ་ལས་ལ་སྔར་བྱུང་མ་མྱོང་བའི་གོ་སྐབས་ཤིག་འཕྲད། ཀྲུང་གོས་ལྷག་བསམ་རྣམ་དག་གི་སྲོལ་རྒྱུན་མཛའ་མཐུན་དར་སྤེལ་བྱས་ནས། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་བར་གྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་རྣམ་པ་གསར་བའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག