མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་གྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-27 10:56

俞正声主持全国政协双周协商座谈会.jpg

  ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ནས། སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མའི་ལས་བསྐྲུན་ལས་ཞུགས་དང་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་གནད་དོན་ཐད་ལ་བློ་འདོན་ཇུས་འབུལ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

  བཞུགས་མོལ་ཚོགས་འདུའི་སྟེང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞུའུ་ཧོས་དང་མཱ་ཏི་ཞིག ཚའོ་བེ་ཞིན། ལིག་ཞའོ་ཀྲོང་། ལིག་ཅན་ཕེན། བུའུ་ཅིན། ཀྲང་ལེ་པིན། བན་ཅེ། ལིས་ཧོ་ཕེན་དང་ཀྲིན་ཀུང་ཁྲིན། ཀྲང་ཏི་བང་སོགས་ཆེད་མཁས་པ་དང་རིག་གནས་པས་སྲིད་ཇུས་འགན་སྲུང་དང་། ལམ་ལུགས་འཛུགས་སྐྲུན། སློབ་གསོ་བཅོས་བསྒྱུར། ཤེས་ལྡན་མི་སྣའི་ཆུ་ཚད། མ་དངུལ་རོགས་སྐྱོར་བཅས་ཀྱི་གནད་དོན་ཐད་ནས་བཞུགས་མོལ་དང་བརྗེ་རེས་བྱས་པར་མ་ཟད། བསམ་འཆར་དང་གྲོས་གཞི་བཏོན། ཨུ་ཡོན་རྣམས་ཀྱིས་བལྟས་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་བསྐྲུན་གྱི་གནད་དོན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་ནི་རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣའི་ཐོན་ཁུངས་རྩ་ཆེན་ཞིག་ཡིན། བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་བརྒྱུད་རིམ་ཁྲོད། ཐོན་ལས་སྒྲིག་གཞི་དང་ལས་ཞུགས་སྒྲིག་གཞིར་འགྱུར་ལྡོག་གསར་བ་བྱུང་ཡོད། ད་ལྟ་མཐོ་རིམ་སློབ་གསོའི་གཞི་ཁྱོན་མྱུར་དུ་ཇེ་ཆེར་སོང་བ་དང་། ལས་ཞུགས་ཁུར་བོ་རིམ་བཞིན་ཇེ་ལྗིད་དུ་སོང་སྟེ། སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་བསྐྲུན་གྱི་གནད་དོན་ཐག་གཅོད་བྱེད་པ་ནི་ཧ་ཅང་གལ་ཆེ་བའི་གནད་དོན་ཞིག་ཡིན་པར་སྙམ།

  ཨུ་ཡོན་རྣམས་ཀྱིས་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། སྲིད་གཞུང་གིས་ཚོང་རས་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་བསྡུ་ལེན་བྱེད་པར་ཧུར་ཐག་སྒོས་སྐུལ་མ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས་པར་མ་ཟད། སྲིད་གཞུང་གིས་མ་དངུལ་གཏོང་བ་དང་། སྤྱི་ཚོགས་ཅན་གྱི་དོ་དམ་གྱི་སློབ་གྲྭ་ཆེན་མོ་བའི་ལས་བསྐྲུན་ལ་རོགས་སྐྱོར་བྱེད་པའི་ཐབས་ལམ་ཞིག་འཚོལ་ཞིབ་བྱེད་དགོས་པའི་གྲོས་གཞི་བཏོན།

  ཡུས་ཀྲིན་ཧྲིན་གྱིས་ཚང་མའི་གཏམ་བཤད་ལ་ཞིབ་ཏུ་ཉན་ཞོར་དུ་བརྗེ་རེས་མཛད།

  སློབ་གསོ་པུའུ་ཡི་པུའུ་ཀྲང་ཡོན་ཀོས་རིན་གྱིས་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་བསྐྲུན་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག