མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་བས་ཚན་ཆུང་བགར་ནས་ཀྲུང་དབྱང་གི་ངེས་རྩིས་སྙན་ཞུ་དང་རྩིས་བཤེར་བྱ་བའི་སྙན་ཞུ་སོགས་ལ་གྲོས་ཞིབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-26 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་བས་ཚེས25ཉིན་གྱི་སྔ་དྲོར་ཚན་ཆུང་བགར་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2013ལོའི་ཀྲུང་དབྱང་ངེས་རྩིས་སྐོར་གྱི་སྙན་ཞུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2013ལོའི་ཀྲུང་དབྱང་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་ཡོང་གཞན་དག་སྐོར་གྱི་ཞིབ་བཤེར་བྱ་བའི་སྙན་ཞུ། རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི2013ལོའི་ཀྲུང་དབྱང་ངེས་རྩིས་ཞིབ་བཤེར་མཇུག་འབྲས་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས་པ་དང་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གྲོས་ཞིབ་ལ་ཞུགས།

ཚན་ཆུང་བགར་ནས་གྲོས་ཞིབ་བྱེད་སྐབས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་གཅིག་གྱུར་སྒོས་བལྟས་ན། ཉིས་སྟོང་བཅུ་གསུམ་ལོའི་ཀྲུང་དབྱང་ངེས་རྩིས་འཆར་ཟིན་ལས་ཀྲུང་དབྱང་སྔོན་རྩིས་ལག་བསྟར་གནས་ཚུལ་ཧ་ཅང་བཟང་བ་མཚོན་ཡོད་པར་སྙམ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་ཁོགས་སུ་གཏོགས་པའི་ནོར་སྲིད་སོགས་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་བྱེད་ཕྱོགས་དང་སྲིད་ཇུས། དེ་མིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་འབྲེལ་ཡོད་གྲོས་ཆོད་དང་རེ་བ་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ནས། རྒྱལ་ཡོངས་དམངས་ཆེན་གྱིས་ཆོག་མཆན་བཀོད་པའི་ཉིས་སྟོང་བཅུ་གསུམ་ལོའི་སྔོན་རྩིས་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཉིས་སྟོང་བཅུ་གསུམ་ལོའི་ཀྲུང་དབྱང་ངེས་རྩིས་འཆར་ཟིན་ལ་ཆོག་མཆན་འགོད་པར་འཐད་པ་བྱུང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག