མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིན་ནས་གྲོལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-26 11:06

全国政协十二届常委会第六次会议闭幕 俞正声讲话.jpg

  ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིན་ནས་གྲོལ།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་མཇུག་བསྡུའི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུངས་བཤད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་མཇུག་བསྡུའི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུངས་བཤད་གནང་།

  གྲོས་ཚོགས་ཀྱི་སྐབས་སུ། ཡུས་ཀྲིན་ཧྲིན་གྱིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཅུ་བདུན་པ་བསྡུས། གྲོས་ཚོགས་སྟེང་ཆེད་དོན་ཚན་ཆུང་གིས་གྲོས་བསྡུར་བྱས་པའི་གནས་ཚུལ་དང་མི་དོན་དོན་དག་ལ་གྲོས་བསྡུར་བྱས་པའི་གནས་ཚུལ་སྐོར་གྱི་ཡར་ཞུར་ཉན།

  ཡུས་ཀྲིན་ཧྲིན་གྱིས་མཇུག་བསྡུའི་གྲོས་ཚོགས་སྟེང་གསུང་བཤད་གནང་སྐབས་མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཚོང་རའི་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོད་ཀྱི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་དང་སྲིད་གཞུང་གི་ནུས་པ་བཟང་བོ་སྔར་ལས་འདོན་སྤེལ་བྱེད་པར་དམིགས་ནས་ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱེད་པ་དང་། འགན་འཁྲི་ལག་བསྟར་ནན་མོ་བྱེད་པའི་ཐད་ལ་རེ་བ་བཏོན།

  ཡུས་ཀྲིན་ཧྲིན་གྱིས་ད་རུང་རྒྱལ་ཡོངས་སྲིད་གྲོས་ཀྱི་ད་ལོའི་ལོ་སྨད་ཀྱི་བྱ་བ་གཙོ་བོ་བཟང་བོར་སྒྲུབ་པའི་ཐད་ལ་བཀོད་སྒྲིག་ཞིབ་མོ་བྱས།

གྲོས་ཚོགས་སྟེང་ཐེན་ཅེ་དང་ཁྲིན་ཧོས་ཧྥུན། ཞའོ་མེན། ལིན་ཀྲིན་གོ་བཅས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་གསབ་སྣོན་བྱས་པ་སོགས་ལ་བརྡས་ཐག་བཅད།  

  གྲོས་ཚོགས་སྟེང་བརྡས་ཐག་བཅད་དེ། སུའུ་རོང་གི་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའི་འགན་བླངས་པ་དང་། དེའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱི་གོ་གནས་མེད་པར་བཏང་བའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། གྲོས་ཚོགས་སྟེང་ད་རུང་རྒྱལ་ཡོངས་སྲིད་གྲོས་ཐེངས་བཅོ་ལྔ་བ་དང་ཐེངས་བཅུ་དྲུག་པའི་ཀྲུའུ་ཞིའི་གྲོས་ཚོགས་ཀྱིས་སོ་སོར་གཏན་ལ་ཕབ་པའི་སུན་ལིན་དང་ཡེ་བན་ཡུན་གཉིས་ཀྱི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཨུ་ཡོན་གྱི་ཐོབ་ཐང་མེད་པར་བཏང་བའི་སྐོར་གྱི་གྲོས་ཆོད་ལ་ཁས་ལེན་བྱས།  

  རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གྲོལ་རྗེས། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སློབ་སྦྱོང་འཆད་ཁྲིད་ཐེངས་བཞི་བ་བསྡུས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་དོན་ཁང་གི་ཀྲུའུ་རིན་གཞོན་པ་ཀན་ཙང་ཁྲུན་གདན་དྲངས་ཏེ་ཁ་ཡིག་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་ཧུར་ཐག་སྒོས་འཚོལ་ཞིབ་བྱེད་དགོས་ཞེས་པའི་སྙན་ཞུ་ཕུལ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག