མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-26 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་ལྔ་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། འབྲུ་རིགས་བསྡུ་ལེན་གསོག་འཇོག་དང་འབྲུ་མཛོད་སྒྲིག་ཆས་འཛུགས་སྐྲུན་བྱ་བ་བཟང་བོར་བསྒྲུབ་པར་བཀོད་སྒྲིག་བྱས་ཤིང་། ཞིང་ཐོན་དངོས་རྫས་ཀྱི་རིན་གོང་དང་ཚོང་རའི་ཚོད་འཛིན་སྙོམ་སྒྲིག་ནང་རྐྱེན་འཐུས་ཚང་དུ་གཏོང་བར་ཞིབ་འཇུག་བྱས་པ་དང་། ཐོན་ལས་སྤོ་སྒྱུར་དང་ཐོན་ལས་གཙོ་བོ་བཀོད་སྒྲིག་དང་སྙོམ་སྒྲིག་བྱེད་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་གཏན་འཁེལ་བྱས།

ཚོགས་ཐོག་ནས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་རང་རྒྱལ་གྱི་འབྲུ་རིགས་རྒྱུན་མཐུད་སྒོས་འཕར་སྣོན་བྱུང་བ་དང་། ད་ལོའི་དབྱར་འབྲུའི་ཐད་ལ་ལོ་ལེགས་འབྱུང་སྲིད་མོད། འོན་ཀྱང་ས་ཁུལ་ལ་ལའི་འབྲུ་མཛོད་ཀྱི་གསོག་ཚད་མི་འདང་བའི་གནས་ཚུལ་ཡོད། འབྲུ་རིགས་བསྡུ་ལེན་དང་གསོག་འཇོག་བྱ་བ་བཟང་བོར་བསྒྲུབ་རྒྱུ་ནི་དེང་སྐབས་ཀྱི་བྱ་བ་གཙོ་བོ་ཡིན་པར་མ་ཟད་ཡུན་རིང་གི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན་པས། བྱེད་ཐབས་གང་མང་སྤྱད་དེ་འབྲུ་རིགས་བསྡུ་ལེན་དང་གསོག་འཇོག་བྱེད་པ་དང་འབྲུ་མཛོད་ཀྱི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། འབྲུ་རྡོག་གཅིག་ཀྱང་ཆུད་ཟོས་སུ་མི་གཏོང་བར་འབྲུ་མཛོད་དུ་འཇུག་པ་འགན་སྲུང་བྱེད་དགོས་ཟེར།

ཚོགས་ཐོག་ནས་བལྟས་ན། ཚོང་རའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཞིང་ཐོན་དངོས་རྫས་ཀྱི་རིན་གོང་དང་ཚོང་རའི་ཚོད་འཛིན་སྙོམ་སྒྲིག་ནང་རྐྱེན་འཐུས་ཚང་དུ་གཏོང་རྒྱུ་ནི་གནས་བབ་གསར་བའི་འོག་ཏུ་ཞིང་བའི་ཐོན་སྐྱེད་ཀྱི་བརྩོན་སེམས་སྐུལ་བ་དང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པའི་ལམ་ལུགས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། ཞིང་བའི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་ཞིང་ཐོན་དངོས་རྫས་ཀྱི་རིན་གོང་དང་ཚོང་རའི་ཚོད་འཛིན་སྙོམ་སྒྲིག་བྱ་བ་བཟང་བོར་བསྒྲུབ་ནས་གཞི་རྩའི་དམངས་འཚོ་འགན་སྲུང་བྱེད་དགོས་པར་སྙམ།

ཚོགས་ཐོག་ནས་བསྟན་དོན། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་ནས་ཤར་ཕྱོགས་ཀྱི་ཐོན་ལས་ཁ་ཤས་དབུས་ནུབ་རྒྱུད་དུ་སྤོ་སྒྱུར་བྱེད་པར་སྣེ་ཁྲིད་བྱེད་པ་དེས་མངའ་ཁོངས་བར་གྱི་འབྲེལ་འདྲིས་དང་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། དབུས་ནུབ་རྒྱུད་ཀྱི་རྣམ་པ་གསར་བའི་མཁར་གྲོང་ཅན་དང་དབུལ་ཕོངས་ས་ཁུལ་ཕྱུག་སྒྱུར་བྱེད་པར་སྐུལ་ཁྲིད་བྱེད་པ། ལས་ཞུགས་དང་འཕེལ་རྒྱས་ཀྱི་མངའ་ཁོངས་རྒྱ་བསྐྱེད་པ། དཔལ་འབྱོར་གྱི་འཕར་ཚད་ཇེ་ཆེར་འགྲོ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ཡོད་པས། ཚོང་ར་ཡིས་ཐོན་ཁུངས་སྒྲིག་སྦྱོར་ཁྲོད་དུ་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པ་འབུར་དུ་ཐོན་པར་བྱེད་པ་དང་། སྲིད་གཞུང་གི་སྣེ་ཁྲིད་བྱ་བ་བཟང་བོར་བསྒྲུབ་ནས། གྲུབ་ཚུལ་ལེགས་སྒྲིག་དང་འཕར་ཚད་བརྟན་འཇགས་བྱེད་པ་དང་དམངས་འཚོ་ལེགས་བཅོས་བྱེད་པར་ནུས་པ་ཆེན་པོ་འདོན་དགོས། ཐོན་ལས་སྤོ་སྒྱུར་དང་བཀོད་སྒྲིག་ལེགས་སྒྱུར་བྱས་པ་བརྒྱུད་ནས་ཀྲུང་གོའི་དཔལ་འབྱོར་གྱི་སྤུས་ཚད་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག