མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་དུག་འགོག་བྱ་བར་ཤུགས་སྣོན་པ་དང་མི་དམངས་ཀྱི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཐད་ལ་མཆན་བཀོད་མཛུབ་སྟོན་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-26 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་དུག་འགོག་ཉིན་མོ་ཐོན་ལ་ཉེ་བའི་སྔོན་དག་དག་ལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་དུག་འགོག་བྱ་བར་ཤུགས་སྣོན་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་ནན་གྱིས་གསུངས་རྒྱུར། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དུག་རྫས་གནད་དོན་གྱི་གནོད་འཚེ་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། དུག་འགོག་བྱ་བ་བཟང་བོར་སྒྲུབ་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས། མི་དམངས་ལ་ཧ་ཅང་འགན་འཁུར་བའི་བསམ་པ་བཅངས་ཏེ། རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ནུས་ལྡན་བྱེད་ཐབས་སྤྱད་དེ། དགུ་འགོག་བྱ་བ་རྒྱུན་ཆད་མེད་པར་བཟང་བོར་སྒྲུབ་དགོས་ཟེར།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུག་འགོག་བྱ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་གྲོས་ཚོགས་ཀྱིས་དུག་འགོག་བྱ་བའི་ཡར་ཞུར་ཆེད་དུ་ཉན་པ་དང་། ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་སྟེ། དུག་འགོག་བྱ་བར་ཤུགས་སྣོན་པ་དང་བཟང་བོར་སྒྲུབ་པའི་ཐད་ལ་རེ་བ་གསལ་བོ་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱིས་དུག་འགོག་བྱ་བའི་ཡར་ཞུར་ཉན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དུག་འགོག་བྱ་བར་མཛུབ་སྟོན་གནང་། ཁོང་གིས་གསུངས་རྒྱུར། དུག་རྫས་ནི་མིའི་རིགས་ཀྱི་སྤྱི་དགྲ་ཡིན། དགུ་འགོག་བྱ་བ་དེ་མི་དམངས་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ཡོང་བ་དང་མི་རིགས་དར་རྒྱས་སུ་གཏོང་བ་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་ཡོངས་ཀྱིས་ངེས་པར་དུ་མཐོང་ཆེན་བྱེད་དགོས་པའི་དོན་དག་གལ་ཆེན་ཞིག་ཀྱང་ཡིན་པས། དེ་དམ་འཛིན་དང་ལེགས་འཛིན་བྱེད་དགོས། དུག་འགོག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་སོ་སོས་སྔོན་འགོག་བྱ་བ་གཙོ་བོར་འཛིན་པ་དང་། དམངས་ཡོངས་ཀྱི་འདུ་ཤེས་ཇེ་ཆེར་བཏང་སྟེ། ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཆམ་ཕབ་དང་དུག་འགོག་ཁྲིམས་གཅོད་སློབ་གསོ་བཅས་མཉམ་དུ་གཙིགས་འཛིན་བྱེད་པ། སྒྲིག་གཞི་དང་ལམ་ལུགས་གསར་བསྐྲུན་བྱེད་པ། རྒྱལ་སྤྱིའི་མཉམ་ལས་སྤེལ་བ་བཅས་བྱས་ཏེ། དུག་རྫས་རྒྱ་ཡན་དུ་འགྲོ་བའི་གནད་དོན་རྦད་ཆོད་སྒོས་བཀག་འགོག་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག