མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ཉེར་ལྔ་བ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-26 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ཉེར་ལྔ་བ་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས་པ་དང་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཆའོ་ཞའོ་ཡང་གིས་ཕུལ་བའི་དམག་དོན་སྒྲིག་ཆས་སྲུང་སྐྱོབ་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་གཏན་འཁེལ་འཆར་ཟིན་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ་དང་། རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལའོ་ཞའོ་ཅོན་གྱིས་ཕུལ་བའི་ཉིས་སྟོང་བཅུ་གསུམ་ལོའི་ཀྲུང་དབྱང་ངེས་རྩིས་འཆར་ཟིན་དང་ཉིས་སྟོང་བཅུ་གསུམ་ལོའི་ཀྲུང་དབྱང་ངེས་རྩིས་སྙན་ཞུར་གྲོས་ཞིབ་བྱས་པའི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་གྲོས་ཆོད་འཆར་ཟིན་གྱི་མ་ཡིག་སྙན་ཞུ་སོགས་ལ་ཉན།

ཨུ་ཡོན་ཀྲང་གྲོས་ཚོགས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་བསམ་འཆར་གཞིར་བཟུང་ནས་གོང་གསལ་གྱི་གྲོས་གཞི་དང་འཆར་ཟིན་ལ་སྔར་ལས་ལྷག་པའི་སྒོ་ནས་གྲོས་ཞིབ་དང་བཟོ་བཅོས་བྱས་རྗེས། ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ཉེར་དྲུག་པར་སྤྲད་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་བའི་མཇུག་བསྡུའི་གྲོས་ཚོགས་ལ་སྤྲད་ནས་བརྡས་ཐག་གཅོད་མིན་ཐད་ལ་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག