མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀོ་ལིས་ཀྱིས་ཨོ་སི་ཁྲི་ལི་ཡའི་མགྲོན་པོར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-25 11:05

张高丽会见澳大利亚国库部长、贸易和投资部长.jpg

  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀོ་ལིས་ཀྱིས་ཚེས་ཉེར་བཞི་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨོ་སི་ཁྲི་ལི་ཡའི་རྒྱལ་མཛོད་པུའུ་ཀྲང་ཧའོ་ཅི་དང་ཉོ་ཚོང་དང་དངུལ་གཏོང་པུའུ་ཀྲང་ལོ་པུའུ་སོགས་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀོ་ལིས་ཀྱིས་ཚེས་ཉེར་བཞི་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨོ་སི་ཁྲི་ལི་ཡའི་རྒྱལ་མཛོད་པུའུ་ཀྲང་ཧའོ་ཅི་དང་ཉོ་ཚོང་དང་དངུལ་གཏོང་པུའུ་ཀྲང་ལོ་པུའུ་སོགས་ལ་མཇལ་འཕྲད་གནང་བ་དང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་དཔལ་འབྱོར་ཉོ་ཚོང་དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ནས་བསམ་དགོངས་འཆར་བརྗེ་རེས་མཛད།

  ཀྲང་ཀོ་ལིས་ཀྱིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲི་ལི་ཡའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཨོ་སི་ཁྲི་ལི་ཡ་ཕྱོགས་དང་མཉམ་དུ་་འབད་བརྩོན་བྱས་ཏེ་མུ་མཐུད་དུ་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་བཏང་ནས། ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་འབྲེལ་བ་སྔར་ལས་འཕེལ་རྒྱས་གཏོང་འདོད་ཡོད་ཟེར།

  ཨོ་སི་ཁྲི་ལི་ཡ་ཕྱོགས་ཀྱི་པུའུ་ཀྲང་གིས་བཤད་རྒྱུར། ཨོ་སི་ཁྲི་ལི་ཡ་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཕྱིན་ཆད་ཀྱང་མུ་མཐུད་དུ་ཕྱོགས་གཉིས་ཀྱི་ནུས་པའི་ཐོན་ཁུངས་དང་ཞིང་ལས། དངུལ་ལོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས་ཁྱད་སྟོབས་ཁ་གསབ་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་ངེས་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག