མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-25 11:05

全国政协十二届常委会第六次会议举行全体会议 俞正声出席.jpg

  ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་སུ་ཞུགས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པས་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་ཚང་འཛོམས་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་སུ་ཞུགས། ཨུ་ཡོན་བཅུ་བཞི་ཡིས་ཚོང་རའི་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོད་ཀྱི་ཐག་གཅོང་རང་བཞིན་གྱི་ནུས་པ་འདོན་སྤེལ་དང་སྲིད་གཞུང་གི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས་ཞེས་པའི་བརྗོད་བྱ་གཙོ་བོར་དམིགས་ཏེ་ཚོགས་ཆེན་སྟེང་གཏམ་བཤད།

  རྒྱུན་ལས་ཨུ་ཡོན་ཕུན་ཞའོ་ཧྥུན་གྱིས་རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོང་རའི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་བཏང་བར་བརྟེན་ནས་ཆ་ཚང་བཅོས་བསྒྱུར་ལ་གཞོགས་འདེགས་བྱེད་པ་དང་། ནུས་ལྡན་སྲིད་གཞུང་དང་གྲུབ་འབྲས་ལྡན་པའི་ཚོང་ར་གཉིས་མཐུན་སྦྱོར་ཡོང་བ་མངོན་འགྱུར་བྱེད་དགོས་པའི་སྐོར་གྱི་གཏམ་བཤད། ཨུ་ཡོན་ཏུའུ་དབྱིན་གྱིས་རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཁ་ཡིག་ལ་སྲིད་གཞུང་གི་ཁྲིད་སྟོན་དང་ཚོང་རའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མི་རིགས་ས་ཁུལ་གྱི་ཐོན་ལས་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་དགོས་ཞེས་པའི་གཏམ་བཤད། རྒྱུན་ལས་ཨུ་ཡོན་ཀྲིག་ཧན་མེན་གྱིས་ཁ་ཡིག་ལ་སྲིད་གཞུང་གི་འགན་ནུས་བསྒྱུར་བར་གཞན་ཤུགས་ལ་བརྟེན་དགོས་ཞེས་པའི་གཏམ་བཤད།

  ཚོགས་ཐོག་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལིན་ཅི་ཧྭ་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྱིས་མི་དོན་བྱ་བའི་སྐོར་གྱི་གསལ་བཤད་ཕུལ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག