མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-25 11:02

 刘云山主持召开中央党的群众路线教育实践活动领导小组会议.jpg

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱས་ཏེ། དུས་སྐབས་སྔོན་གྱི་བྱ་འགུལ་གནས་ཚུལ་ལ་སྤྱི་བསྡོམས་བྱས་པ་དང་། སྐོར་ཐེངས་གཉིས་པའི་བྱ་འགུལ་ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་དང་ཏང་ཡོན་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་གྱི་དམངས་གཙོ་དཔྱད་བསྡུར་སོགས་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས།

  ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་དེ་གྲོང་ཁྱེར་དང་རྫོང་། ཞང་དང་གྲོང་བརྡལ། གཞི་རིམ་ལས་ཁུངས་བཅས་སུ་སྤེལ་བ་ནི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པར་ཕན་ནུས་ལྡན་པའི་གོ་སྐབས་འདོན་སྤྲོད་བྱས་པ་ཡིན་པས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་དེ་ནང་དོན་གལ་ཆེན་དུ་འཇོག་པ་དང་ནུས་མེད་ཉམས་ཞན་གྱི་གཞི་རིམ་ཏང་རྩ་འཛུགས་ལ་དག་ཐེར་བྱེད་རྒྱུ་དེ་དགོས་གལ་ཆེ་བའི་ལས་འགན་དུ་བརྩིས་ཏེ། ཏང་འཛུགས་བྱ་བའི་འགན་འཁྲིའི་ལམ་ལུགས་ནན་ཏན་སྒོས་དངོས་འབེབས་བྱེད་པ་དང་མུ་མཐུད་དུ་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུར་སྒྲིལ་ཤུགས་དང་འཐབ་འཛིང་ནུས་པ་ཇེ་ཆེར་གཏོང་དགོས། གཞི་རིམ་ཞབས་ཕྱི་རང་བཞིན་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་བྱ་བ་དམ་འཛིན་བྱས་ཏེ། གཞི་རིམ་གྱི་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པ་གདམ་གསེས་བཟང་བོ་བྱེད་པ་དང་བཀོལ་སྤྱོད་ལེགས་པོ་བྱེད་དགོས། གཞི་རིམ་གྱི་རོགས་སྐྱོར་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་ནས་སྡེ་བར་བསྡད་དེ་ཁྱིམ་ཚང་ལ་འབྲེལ་འདྲིས་བྱེད་པ་དང་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་པར་མ་ཟད། ཏང་ཡོན་ལས་བྱེད་པས་ཐད་ཀར་དུ་མང་ཚོགས་ལ་འབྲེལ་འདྲིས་དང་ཞབས་ཕྱི་བསྒྲུབ་སྐབས་སྤྱོད་ཚུལ་ལེགས་སྒྱུར་བྱེད་པ་དང་སློབ་གསོ་བཟང་བོ་ཐོབ་པར་སྣེ་ཁྲིད་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག