མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་མ་ལེ་ཞི་ཡའི་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་ཕན་ཏེ་ཁ་ཨར་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-25 10:51

张德江与马来西亚国会下议院议长潘迪卡尔举行会谈.jpg

  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉེར་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མ་ལེ་ཞི་ཡའི་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་ཕན་ཏེ་ཁ་ཨར་དང་གྲོས་མོལ་མཛད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉེར་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མ་ལེ་ཞི་ཡའི་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་ཕན་ཏེ་ཁ་ཨར་དང་གྲོས་མོལ་མཛད།

  གྲོས་མོལ་མཛད་སྐབས་ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་མ་ལེ་ཞི་ཡའི་རྒྱལ་ཚོགས་གཉིས་ཀྱིས་རྒྱལ་ཁབ་རང་རང་གི་འཕེལ་རྒྱས་ཐབས་ཇུས་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ཏེ། བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་ཞིང་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་དགོས་པ་དང་། བརྗེ་རེས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་དགོས་ལ། ཁྲིམས་འཛུགས་ལས་ཁུངས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། བརྗེ་རེས་དང་མཉམ་ལས་ཀྱི་དམིགས་ཡུལ་རང་བཞིན་དང་ཕན་ནུས་རང་བཞིན་སྔར་ལས་ཇེ་དྲག་ཏུ་བཏང་ནས། རྒྱལ་སྐྱོང་སྲིད་འཛིན་དང་དམངས་གཙོ་ཁྲིམས་སྐྱོང་སོགས་ཕྱོགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་དགོས་ཟེར།

  ཕན་ཏེ་ཁ་ཨར་གྱིས་བཤད་རྒྱུར། མ་ལེ་ཞི་ཡའི་རྒྱལ་ཚོགས་ཀྱིས་ཀྲུང་གོའི་དམངས་ཆེན་དང་མཉམ་དུ་ཉམས་མྱོང་བརྗེ་རེས་ལ་སྔར་ལས་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག