མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧ་སག་སི་ཐན་གྱི་ན་ཀྲ་ཨེར་པ་ཡེ་ཧྥུའུ་སློབ་གྲྭ་ཆེན་མོའི་དགེ་སློབ་ཀྱི་དབྱར་ཁའི་སྤྲོ་གསེང་བྱ་འགུལ་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-25 10:51

习近平会见哈萨克斯坦纳扎尔巴耶夫大学师生代表团.jpg

  ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧ་སག་སི་ཐན་གྱི་ན་ཀྲ་ཨེར་པ་ཡེ་ཧྥུའུ་སློབ་གྲྭ་ཆེན་མོའི་དགེ་སློབ་ཀྱི་དབྱར་ཁའི་སྤྲོ་གསེང་བྱ་འགུལ་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་བཞི་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དབྱར་ཁའི་སྤྲོ་གསེང་བྱ་འགུལ་སྤེལ་བར་ཡོང་བའི་ཧ་སག་སི་ཐན་ན་ཀྲ་ཨེར་པ་ཡེ་ཧྥུའུ་སློབ་གྲྭ་ཆེན་མོའི་དགེ་སློབ་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

  ཞི་ཅིན་ཕེན་གྱིས་ཐོག་མར་དགེ་སློབ་རྣམས་ཀྲུང་གོར་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ན་ནིང་གི་ཟླ་དགུ་བར་ངས་ཧ་སག་སི་ཐན་ལ་འཚམས་འདྲི་བྱེད་སྐབས། ན་ཀྲ་ཨེར་པ་ཡེ་ཧྥུའུ་སློབ་གྲྭ་ཆེན་མོའི་དགེ་སློབ་ཉིས་བརྒྱ་ཀྲུང་གོར་དབྱང་ཁའི་སྤྲོ་གསེང་བྱ་འགུལ་སྤེལ་བར་གདན་འདྲེན་ཞུས། དེ་རིང་འདི་ནས་ཚང་མར་ཐུག་འཕྲད་བྱུང་བར་ང་ལ་དགའ་སྤྲོ་ཆེན་པོ་སྐྱེས་ཟེར།

  ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་བརྩེ་དུང་ཟབ་མོ་ཆགས་ཡོད། ང་དང་ཙུང་ཐུང་ན་ཀྲ་ཨེར་པ་ཡེ་ཧྥུའུ་ནི་གྲོགས་པོ་བཟང་བོ་ཡིན་ལ། ང་ཚོའི་བར་འབྲེལ་འདྲིས་དང་འགྲོ་འོང་དམ་པོ་བྱས་ནས། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཅི་ལྟར་འཕེལ་རྒྱས་སུ་གཏོང་བ་དང་། མཉམ་ལས་ལ་ཤུགས་སྣོན་པ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་འབྲེལ་བ་ཇེ་དམ་དུ་གཏོང་བ་བཅས་ཐད་ལ་འཚོལ་ཞིབ་བྱེད་ཀྱིན་ཡོད། ཁྱེད་ཚོས་ཐེངས་འདིའི་འཚམས་འདྲི་བརྒྱུད་དེ། ཀྲུང་གོ་ངོ་མ་ཞིག་ལ་རྒྱུས་ལོན་བྱས་ནས་བབ་ཆགས་བཟང་བོ་ཞིག་འཇོག་དགོས་པར་རེ་བ་བྱེད་ཀྱིན་ཡོད་ལ། ཁྱེད་ཚོ་ཕྱིན་ཆད་ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ཀྱི་མཛའ་མཐུན་འབྲེལ་བ་འཛུགས་སྐྲུན་བྱེད་མཁན་ཞིག་ཏུ་བསྒྱུར་བར་ཡིད་ཆེས་བཅངས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག