མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མ་ལེ་ཞི་ཡའི་རྒྱལ་ཚོགས་གྲོས་ཁང་ཞོལ་མའི་གྲོས་དཔོན་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-25 10:51

习近平会见马来西亚国会下议院议长潘迪卡尔.jpg

  ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མ་ལེ་ཞི་ཡའི་རྒྱལ་ཚོགས་གྲོས་ཁང་ཞོལ་མའི་གྲོས་དཔོན་ཕན་ཏིས་ཁ་ཨར་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་བཞི་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མ་ལེ་ཞི་ཡའི་རྒྱལ་ཚོགས་གྲོས་ཁང་ཞོལ་མའི་གྲོས་དཔོན་ཕན་ཏིས་ཁ་ཨར་ལ་མཇལ་འཕྲད་གནང་།

  ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་སྲིད་གཞུང་གིས་མ་ལེ་ཞི་ཡའི་བར་གྱི་མཛའ་མཐུན་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོ་དང་མ་ལེ་ཞི་ཡའི་བར་གྱི་འབྲེལ་བ་དེ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་འབྲེལ་བའི་ཁ་ཕྱོགས་གཙོ་བོར་བརྩིས་ནས་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ལ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བ་དང་བསྟུན་ནས། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ཇུས་འགོད་བཟང་བོ་བྱས་ནས། ཀྲུང་གོ་དང་མ་ལེ་ཞི་ཡའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་དགོས་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

  ཞི་ཅིན་ཕེན་གྱིས་གསུངས་རྒྱུར། སང་ལོ་མ་ལེ་ཞི་ཡས་ཨེ་ཤ་ཡའི་ཤར་ལྷོ་མནའ་འབྲེལ་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡར་ཧུར་ཐག་སྒོས་རྒྱབ་སྐྱོར་བྱས་ནས། མ་ལེ་ཞི་ཡ་ཕྱོགས་དང་བཅས་པའི་འབྲེལ་ཡོད་རྒྱལ་ཁབ་སོ་སོ་དང་མཉམ་དུ་ཀྲུང་གོ་དང་ཨེ་ཤ་ཡའི་ཤར་ལྷོ་མནའ་འབྲེལ་བར་གྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

  ཕན་ཏིས་ཁ་ཨར་གྱིས་ཐོག་མར་ཆེས་མཐོའི་མགོ་གཙོ་ཧ་ལིས་མུའུ་དང་ཙུང་ལི་ན་ཅི་པུའུ་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་སྙིང་ཉེ་བའི་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་བྱས། ཁོས་བཤད་རྒྱུར། མ་ལེ་ཞི་ཡའི་རྒྱལ་ཚོགས་གྲོས་ཁང་ཞོལ་མས་མ་ལེ་ཞི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བར་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། མ་ལེ་ཞི་ཡ་དང་ཀྲུང་གོ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་འཇོག་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག