མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིན་ནས་ཚོགས་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-24 15:59

全国政协十二届常委会第六次会议开幕 俞正声主持1.jpg

  ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིན་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚོགས་མགོ་རྩོམ་པའི་གྲོས་ཚོགས་ལ་མགོ་འཛིན་མཛད།

全国政协十二届常委会第六次会议开幕 俞正声主持2.jpg

  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིན་ནས་ཚོགས་མགོ་བརྩམས།ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིན་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚོགས་མགོ་རྩོམ་པའི་གྲོས་ཚོགས་ལ་མགོ་འཛིན་མཛད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་པེ་ཅིན་ནས་ཚོགས་མགོ་བརྩམས། ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་དོན་གཙོ་བོ་ནི་ཚོང་རའི་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོད་ཀྱི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་དང་སྲིད་གཞུང་གི་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་དགོས་ཞེས་པར་དམིགས་ཏེ་བློ་འདོན་ཇུས་འབུལ་བྱེད་རྒྱུ་དེ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚོགས་མགོ་རྩོམ་པའི་གྲོས་ཚོགས་ལ་མགོ་འཛིན་མཛད།

  ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཚོང་རའི་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོད་ཀྱི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་དང་སྲིད་གཞུང་གི་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གཏན་ལ་ཕབ་པའི་རིགས་གཞུང་གལ་ཆེན་ཞིག་ཡིན། ཐེངས་འདིའི་ཆེད་དོན་སྲིད་གྲོས་རང་བཞིན་གྱི་རྒྱུན་ལས་གྲོས་ཚོགས་བཟང་བོར་བསྡུ་རྒྱུ་དེ་མི་དམངས་སྲིད་གྲོས་ཀྱི་དམངས་གཙོ་གྲོས་མོལ་གྱི་ནུས་པ་གཙོ་བོ་གང་ལེགས་སྒོས་འདོན་སྤེལ་བྱེད་པ་དང་། དཀྱིལ་སྙིང་ལ་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲིའི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་པས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཙུགས་གྲུབ་མི་སྣས་གྲོས་ཚོགས་ཀྱི་གྲོས་དོན་ལ་དམིགས་ཏེ། རིན་ཐང་ལྡན་ཞིང་ལྟ་བ་ཡོད་པའི་བསམ་འཆར་དང་གྲོས་གཞི་བཏོན་ནས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚན་རིག་དང་དམངས་གཙོའི་སྒོ་ནས་ཇུས་གཞི་འགོད་པར་གཞིར་འཛིན་ས་འདོན་སྤྲོད་བྱེད་དགོས་ཟེར།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་གདན་དྲངས་པ་ལྟར་གྲོས་ཚོགས་སུ་ཞུགས་པར་མ་ཟད་སྙན་ཞུ་ཕུལ།  

  ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་རིམ་ལྟར། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཙུགས་གྲུབ་མི་སྣས་ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་དོན་ལ་དམིགས་ཏེ་ཆེད་དོན་གྲོས་བསྡུར་དང་བློ་འདོན་ཇུས་འབུལ་བྱེད་པའི་དུས་མཉམ་དུ། ད་རུང་ཡིག་ཐོག་ནས་འབྲེལ་ཡོད་སྙན་ཞུར་གྲོས་ཞིབ་བྱེད་རྒྱུ་དང་། འབྲེལ་ཡོད་མི་སྣ་སྐོར་གྱི་དོན་དག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་འབྱུང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག