མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་ལས་རིགས་སློབ་གསོ་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-24 15:59

习近平:加快发展职业教育 让每个人都有人生出彩机会.jpg

རྒྱལ་ཡོངས་ཀྱི་ལས་རིགས་སློབ་གསོ་བྱ་བའི་གྲོས་ཚོགས་ཚེས་ཉེར་གསུམ་དང་ཉེར་བཞི་ཉིན་གཉིས་ལ་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚོགས་འདུ་མ་ཚོགས་པའི་སྔོན་ལ་གྲོས་ཚོགས་ཞུགས་པའི་འཐུས་མི་ཡོངས་ལ་ཐུག་འཕྲད་བྱས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་ལས་རིགས་སློབ་གསོ་བྱ་བའི་གྲོས་ཚོགས་ཚེས་ཉེར་གསུམ་དང་ཉེར་བཞི་ཉིན་གཉིས་ལ་པེ་ཅིན་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ལས་རིགས་སློབ་གསོ་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་ལས་རིགས་སློབ་གསོ་ནི་རྒྱལ་དམངས་སློབ་གསོའི་མ་ལག་དང་མི་ཤུགས་ཐོན་ཁུངས་གསར་སྤེལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་རྒྱ་ཆེའི་ན་གཞོན་རྣམས་ཤེས་ལྡན་མི་སྣར་འགྱུར་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། ཤེས་ལྡན་མི་སྣ་སྣ་ཚོགས་སྐྱེད་སྲིང་བྱེད་པ་དང་ལག་རྩལ་བརྒྱུད་སྤྲོད་བྱེད་པ། ལས་ཞུགས་ལས་སྤེལ་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་གཙོ་བོ་ཕྲག་ཏུ་བབས་ཡོད། དེ་བས་ངེས་པར་དུ་མཐོང་ཆེན་བྱེད་པ་དང་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས་ཞེས་ནན་གྱིས་གསུངས།

  ཞི་ཅིན་ཕེན་གྱིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དེང་རབས་ལས་རིགས་སློབ་གསོ་མྱུར་དུ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་སྔར་ལས་འབུར་ཐོན་ཡིན་པའི་གོ་གནས་སུ་འཇོག་པ་དང་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་སྔར་ལས་རྒྱབ་སྐྱོར་དང་རོགས་རམ་བྱས་ནས། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཤེས་ལྡན་མི་སྣའི་འགན་སྲུང་འདོན་སྤྲོད་བྱེད་དགོས་པའི་ཐུགས་རེ་བཏོན།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚོགས་འདུ་མ་ཚོགས་པའི་སྔོན་ལ་གྲོས་ཚོགས་སུ་ཞུགས་པའི་འཐུས་མི་ཡོངས་ལ་ཐུག་འཕྲད་བྱས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་། ཁོང་གིས་བྱང་ཚད་མཐོ་བའི་ངལ་རྩོལ་མཁན་དང་ལག་རྩལ་ཤེས་ལྡན་མི་སྣ་མྱུར་དུ་སྐྱེད་སྲིང་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལས་ཞུགས་ལས་སྤེལ་ཐད་ལ་ནུས་པ་ཆེན་པོ་འདོན་དགོས་ཞེས་ནན་གྱིས་གསུངས།

  ལིས་ཁི་ཆང་གིས་རྒྱལ་ཡོངས་ཀྱི་ལས་རིགས་སློབ་གསོའི་བྱ་བ་སྒྲུབ་མཁན་དང་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པའི་ལས་རིགས་སོ་སོའི་མི་སྣར་བཀའ་དྲིན་ཆེ་ཞུས། ཁོང་གིས་གསུངས་རྒྱུར། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། རང་རྒྱལ་གྱི་ལས་རིགས་སློབ་གསོའི་ལས་དོན་གོང་འཕེལ་ཆེན་པོ་བྱུང་བ་དང་། གཞི་ཁྱོན་ཆེ་བའི་ལག་རྩལ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་ལེགས་བཅོས་བྱེད་པ་བཅས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཟེར།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་གིས་ཚོགས་ཐོག་ཏུ་བཤད་རྒྱུར། དེང་རབས་ལས་རིགས་སློབ་གསོ་མྱུར་དུ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་སློབ་གསོའི་གྲུབ་ཚུལ་ལེགས་སྒྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། སློབ་གསོ་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པའི་དགོས་མཁོ་ཡིན་པས། ལས་རིགས་སློབ་གསོའི་འཐབ་ཇུས་གོ་གནས་སྔར་ལས་འབུར་དུ་ཐོན་པར་བྱས་ཏེ། སློབ་སྒྲུབ་སྒྲིག་སྲོལ་ལ་བཅོས་སྒྱུར་བྱེད་པ་དང་སྤྱི་ཚོགས་སྟོབས་ཤུགས་ཀྱིས་ལས་རིགས་སློབ་གསོ་སྒྲུབ་པར་རྒྱབ་སྐྱོར་བྱས་ནས་མུ་མཐུད་དུ་ལས་རིགས་སློབ་གསོའི་འཕེལ་རྒྱས་གསོན་ཤུགས་ཇེ་ཆེར་གཏོང་དགོས་ཟེར།

  ཐེངས་འདིའི་གྲོས་ཚོགས་ནི་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྡུས་པའི་རྒྱལ་ཡོངས་ཀྱི་ལས་རིགས་སློབ་གསོ་བྱ་བའི་གྲོས་ཚོགས་ཐེངས་གསུམ་པ་ཡིན། ཚོགས་འདུ་མ་ཚོགས་པའི་སྔོན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེང་རབས་ལས་རིགས་སློབ་གསོ་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་ཆོད་དོན་འགྲེམ་སྤེལ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག