མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མཁའ་དམག་གི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་པའི་འཐུས་མིར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-18 11:00

习近平接见空军第十二次党代会代表.jpg

   ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་ནས་མཁའ་དམག་གི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་པའི་འཐུས་མིར་མཇལ་འཕྲད་གནང་།

习近平接见空军第十二次党代会代表1.jpg

  ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་ནས་མཁའ་དམག་གི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་པའི་འཐུས་མིར་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་བདུན་ཉིན་པེ་ཅིན་ནས་མཁའ་དམག་གི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་པའི་འཐུས་མིར་མཇལ་འཕྲད་གནང་། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་མཁའ་དམག་གི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་གཉིས་པ་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཚོགས་ཞུགས་འཐུས་མི་དང་མཁའ་དམག་གི་དཔོན་དམག་རྣམས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས།

  སྔ་དྲོའི་དུས་ཚོད་དགུ་ཡས་མས་སུ། ཞི་ཅིན་ཕེན་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མར་ཕེབས་མ་ཐག་ཏུ། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས། ཞི་ཅིན་ཕེན་གྱིས་འཐུས་མི་རྣམས་དང་ཕྱག་འཇུ་གནང་བར་མ་ཟད་མཉམ་དུ་པར་བླངས་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། ཐེངས་འདིའི་མཁའ་དམག་གི་ཏང་གི་འཐུས་མིའི་ཚོགས་ཆེན་ལས་འདས་པའི་ལོ་ལྔའི་རིང་གི་བྱ་བར་སྤྱི་བསྡོམས་བྱས་པ་དང་། ཕྱིན་ཆད་ཀྱི་ལོ་ལྔའི་བྱ་བའི་ལས་འགན་ལ་བཀོད་སྒྲིག་བྱས་ཡོད་པས། ཚང་མས་སྤོབས་པ་ཆེར་སྐྱེད་ཀྱི་སྙིང་སྟོབས་མུ་མཐུད་དུ་འདོན་སྤེལ་བྱས་ནས། བབ་བསྟུན་མདུན་སྐྱོད་བྱེད་པ་དང་། དངོས་གཉེར་དངོས་སྒྲུབ་བྱས་ཏེ། འཐབ་ཇུས་དང་བཀོད་སྒྲིག་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་འབད་བརྩོན་བྱེད་དགོས་ཟེར།

  ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། སྟོབས་དང་ལྡན་པའི་མི་དམངས་མཁའ་དམག་འཛུགས་སྐྲུན་བྱེད་པ་ནི་དུས་རབས་ཀྱིས་མཁའ་དམག་ལ་གནང་བའི་ལས་འགན་གལ་ཆེན་ཞིག་ཡིན། གནས་བབ་གསར་བའི་འོག རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡང་ཡིན། ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་པ་ནི་གཟི་བརྗིད་ལས་འགན་དེ་ཡོངས་འགྲུབ་བྱེད་པའི་རྩ་བའི་འགན་སྲུང་ཡིན་པས། མཁའ་དམག་ཏང་ཨུས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་རེ་བ་ལྟར། མཁའ་དམག་གི་ཏང་འཛུགས་སྐྲུན་བྱ་བ་དམ་འཛིན་དང་ལེགས་འཛིན་བྱེད་དགོས་པར་མ་ཟད། ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་། ཏང་བཅོས་སྐྱོང་ནན་མོ་བྱས་ནས། ཏང་གིས་དམག་དཔུང་ལ་མགོ་ཁྲིད་བྱེད་པར་ཤུགས་སྣོན་པ་དང་། ཏང་རྩ་འཛུགས་ལ་ཤུགས་བསྣན་ཏེ། སྤྱོད་ཚུལ་ལེགས་བསྒྱུར་བྱེད་པ་དང། དྲང་བདེན་གྱི་སྟོབས་ཤུགས་ཇེ་ཆེར་བཏང་ནས། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧྥན་ཁྲང་ལུང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལེང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁྲང་བན་ཆོན་དང་ཧྥང་ཧྥུན་ཧོས། ཀྲང་ཡང། ཀྲའོ་ཁི་ཧྲི་སོགས་མཇལ་འཕྲད་ལ་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག