མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-18 11:00

6月17日,国务院总理李克强在温莎宫会见英国女王伊丽莎白二世。.jpg

  ས་དེའི་དུས་ཚོད་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཝུན་ཧྲ་ཕོ་བྲང་ནས་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པར་མཇལ་འཕྲད་གནང་བར་མ་ཟད། ཕྱོགས་གཉིས་ཀྱིས་མཛའ་མཐུན་ལྡན་པའི་ངང་ནས་གསུང་གླེང་མཛད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་དུས་ཚོད་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་ཝུན་ཧྲ་ཕོ་བྲང་ནས་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པར་མཇལ་འཕྲད་གནང་བར་མ་ཟད། ཕྱོགས་གཉིས་ཀྱིས་མཛའ་མཐུན་ལྡན་པའི་ངང་ནས་གསུང་གླེང་མཛད། ལིས་ཁི་ཆང་གིས་ཐོག་མར་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པར་སྙིང་ཉེ་བའི་ངང་ནས་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་མཛད།

  ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་དག་པའི་བགྲོད་ལམ་དུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ནི་ནུབ་ཕྱོགས་དཔལ་ཡོན་གྱི་ཚབ་མཚོན་ཡིན་པའི་ཆ་ནས་ང་ཚོས་དབྱིན་ཇི་ཕྱོགས་དང་མཉམ་དུ་ཕན་ཚུན་ལ་དཔེ་ལྟ་དང་སློབ་སྦྱོང་བྱེད་པ་དང་། སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་བར་གྱི་མཚར་སྡུག་མུ་མཐུད་དུ་རྒྱུན་འཛིན་བྱས་ཏེ། མིའི་རིགས་ཀྱི་མདུན་བསྐྱོད་ཐད་ལ་སྔར་ལས་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཟེར།

  ལིས་ཁི་ཆང་གིས་བསྟན་དོན། རྒྱལ་མོ་ཁྱེད་དང་བཅས་པའི་དབྱིན་ཇིའི་རྒྱལ་བོ་ཚང་གི་ཁོངས་མིས་དུས་ཡུན་རིང་བོར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པས། ཀྲུང་གོ་ཕྱོགས་ཀྱིས་དེར་བསྟོད་བསྔགས་ཆེན་པོ་བྱེད་བཞིན་ཡོད་ལ། དབྱིན་ཇིའི་རྒྱལ་བོ་ཚང་གི་ཁོངས་མི་སྔར་ལས་མང་པོ་ཀྲུང་གོར་ཡོང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་འབྲེལ་བར་ཧུར་བརྩོན་རང་བཞིན་གྱི་སྐུལ་འདེད་གཏོང་བར་དགའ་བསུ་བྱེད་བཞིན་ཡོད་ཟེར།

  རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གསུམ་པས་ལིས་ཁི་ཆང་དབྱིན་ཇིར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས་པར་མ་ཟད། ཙུང་ལི་ལིས་ཁི་ཆང་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་སྙིང་ཉེ་བའི་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་བྱེད་རོགས་ཞུས། རྒྱལ་མོ་ཁོང་གིས་དགའ་སྤྲོའི་ངང་ནས་གཅིག་སྟོང་དགུ་བརྒྱ་གྱ་དྲུག་ལོར་ཀྲུང་གོར་འཚམས་འདྲི་བྱས་པའི་གནས་ཚུལ་ལ་ཕྱིར་དྲན་བྱས་པ་དང་། ཀྲུང་གོའི་འགྲུལ་བཞུད་ཐེངས་དེས་ཁོ་མོར་ཆེས་བརྗེད་དཀའ་བའི་བག་ཆགས་ཟབ་མོ་བཞག་སོང་ཟེར། མོས་བཤད་རྒྱུར། ཁོ་མོས་ཀྲུང་གོར་འཚམས་འདྲི་བྱས་རྗེས་ཀྲུང་གོར་གནམ་ས་བླ་འོག་བརྗེས་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཞིང་དབྱིན་ཇི་དང་ཀྲུང་གོའི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བ་དང་། ཀྲུང་གོའི་ཕྱི་སྡོད་སློབ་མ་དང་གནས་སྐོར་བ་སྔར་ལས་མང་པོ་དབྱིན་ཇིར་ཡོང་ནས་སློབ་སྦྱོང་དང་ལྟ་སྐོར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ན་གཞོན་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ནས་ཕན་ཚུན་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་བཏང་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག