མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེས་ལུང་གཉིས་ཀྱིས་ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་ཙུང་ལིའི་བར་གྱི་ལོ་འདིའི་ཐུག་འཕྲད་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-18 10:59

李克强同英国首相卡梅伦举行中英总理年度会晤.jpg

   ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ལོན་ཏོན་ཐང་ཉིན་སྲང་ལམ་གྱི་སྒོ་རྟགས་ཨང་བཅུ་བའི་དབུ་བཞུགས་བློན་ཆེན་བཞུགས་ཤག་ནས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེས་ལུང་དང་ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་ཙུང་ལིའི་བར་གྱི་ལོ་འདིའི་ཐུག་འཕྲད་བྱས། པར་འདི་ནི་ཐུག་འཕྲད་མ་བྱས་གོང་། ཁེ་མེས་ལུང་གིས་ལིས་ཁི་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་རྒྱ་ཆེན་པོ་བསྡུས་པའི་ཚུལ་རེད།

李克强同英国首相卡梅伦举行中英总理年度会晤   1.jpg

  ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ལོན་ཏོན་ཐང་ཉིན་སྲང་ལམ་གྱི་སྒོ་རྟགས་ཨང་བཅུ་བའི་དབུ་བཞུགས་བློན་ཆེན་བཞུགས་ཤག་ནས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེས་ལུང་དང་ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་ཙུང་ལིའི་བར་གྱི་ལོ་འདིའི་ཐུག་འཕྲད་བྱས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་དུས་ཚོད་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་ལོན་ཏོན་ཐང་ཉིན་སྲང་ལམ་གྱི་སྒོ་རྟགས་ཨང་བཅུ་བའི་དབུ་བཞུགས་བློན་ཆེན་བཞུགས་ཤག་ནས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེས་ལུང་དང་ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་ཙུང་ལིའི་བར་གྱི་ལོ་འདིའི་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྲུང་གོ་དང་དབྱིན་ཇིའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་འཁོར་བཅུ་ལོན་པ་དང་བསྟུན་ནས། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་བར་གཅིག་གྱུར་སྒོས་འཐད་པ་བྱུང་།

  ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་དབྱིན་ཇི་གཉིས་ནི་ཤན་ཤུགས་གལ་ཆེན་ལྡན་པའི་རྒྱལ་ཁབ་གཉིས་ཡིན་ལ། རྒྱལ་ཁབ་གཉིས་ཀྱིས་སྤྱིར་བཏང་མིན་པའི་བགྲོད་ལམ་བརྒྱུད་དེ། ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་བྱེད་པ་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་རྨང་གཞིའི་སྟེང་། ཕན་ཚུན་བར་གྱི་ཁེ་ཕན་གཙོ་བོར་དོ་སྣང་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་སྟེ། ཀྲུང་གོ་དང་དབྱིན་ཇིའི་བར་གྱི་འབྲེལ་བ་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས་ཟེར།

  ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་རྒྱུད་རིམ་དང་གནས་ཚུལ་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས། ཐོན་སྐྱེད་འཕར་སྣོན་དང་བཅོས་བསྒྱུར། གསར་བསྐྲུན་བཅས་བྱེད་པ་ནས་མགོ་ཚུགས་ཏེ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་དགོས་ཏེ། གཅིག་ནས་ཉོ་ཚོང་གི་གཞི་ཁྱོན་རྒྱ་བསྐྱེད་དགོས་པ་དང་། གཉིས་ནས་ཉིང་རྡུལ་གློག་འདོན་དང་མྱུར་བགྲོད་ལྕགས་ལམ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། མཁར་གྲོང་ཅན་དུ་བསྒྱུར་བ་སོགས་ཕྱོགས་ཀྱི་མཉམ་ལས་ལ་ནུས་ཡོད་སྒོས་སྐུལ་འདེད་གཏོང་དགོས། གསུམ་ནས་དངུལ་ལོར་མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། བཞི་ནས་རྒྱལ་ཁབ་གཉིས་ཀྱི་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་དགོས་པ་སོགས་ཡོད།

  ཁ་མེས་ལུང་གིས་ལིས་ཁི་ཆང་གིས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་བཏོན་པའི་གྲོས་གཞིར་ཡོངས་སུ་འཐད་པའི་ཚུལ་བསྟན། ཁོས་བཤད་རྒྱུར། དབྱིན་ཇི་དང་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་འཁོར་བཅུ་འགོར་བའི་རིང་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་ཟ་བ་བླངས། དབྱིན་ཇི་ཕྱོགས་ཀྱིས་དབྱིན་ཇི་དང་ཀྲུང་གོའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་ཕན་ཚུན་བར་བརྩི་འཇོག་དང་། ལྷག་བསམ་ཟོལ་མེད་སྒོས་གྲོས་མོལ་བྱས་ནས། དཔལ་འབྱོར་ཉོ་ཚོང་དང་དངུལ་ལོར། སློབ་གསོ། ཚན་རིག ཉིང་རྡུལ་གློག་འདོན། མྱུར་བགྲོད་ལྕགས་ལམ་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོིད་ཡོད་པར་མ་ཟད། སྔར་ལས་མང་པོའི་ཀྲུང་གོའི་ཁེ་ལས་དབྱིན་ཇིར་ཡོང་སྟེ་མ་དངུལ་གཏོང་བ་དང་། སྔར་ལས་མང་པོ་ཀྲུང་གོའི་སློབ་མ་དབྱིན་ཇིར་སློབ་སྦྱོང་བྱེད་པར་ཡོང་བར་དགའ་བསུ་བྱེད་ཀྱིན་ཡོད་ཟེར།

  ཕྱོགས་གཉིས་ཀྱིས་ད་རུང་ཐུན་མོང་གིས་སེམས་ཁུར་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག