མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀོང་ཤིས་ཀྱིས་དབུལ་སྐྱོར་གསར་སྤེལ་བྱེད་སྟངས་ལ་འགྱུར་ལྡོག་བཏང་བ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-18 10:55

    དབུལ་སྐྱོར་བྱེད་སྐབས་ཐོན་པའི“འབེན་ལ་མི་ཕོག་པའི”སྣང་ཚུལ་ལ་དམིགས་ཏེ་ཀོང་ཤིས་ཀྱིས་ལས་དོན་ལམ་སྲོལ་གསར་གཏོད་བྱས་པ་དང་ཆབས་ཅིག་གནས་ཚུལ་གསལ་རྟོགས་དང་ལམ་བུ་ཡང་དག་བཙལ་ནས་དབུལ་ཕོངས་ས་ཁུལ་ལ་དབུལ་སྐྱོར་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་པ་རེད།

    ཀོང་ཤིས་ནི་རང་རྒྱལ་གྱི་དབུལ་སྐྱོར་འགག་སྒྲོལ་བྱ་ཡུལ་གཙོ་བོའི་གྲས་ཤིག་ཡིན་ཞིང་།ཉེ་བའི་ལོ་ཤས་རིང་དབུལ་སྐྱོར་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་མོད།འོན་ཏེ་2013ལོར་དབུལ་ཕོངས་མི་འབོར་ཁྲི་634ཡོད་པ་དེ་རྒྱལ་ཡོངས་ཀྱི་ཨང་ལྔ་པ་ཡིན་པ་དང་།དབུལ་ཕོངས་འབྱུང་ཚད་14.9%ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་6.4ལས་བརྒལ་བ།དབུལ་ཕོངས་གཅིག་སྡུད་ཡུག་སྦྲེལ་ཆེ་བ།ཐར་ཐོར་དུ་ཁྱབ་རྒྱ་ཆེ་བ།ཐོན་ལས་ཀྱི་རྨང་གཞི་ཞན་པ།རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་རྗེས་ལུས་ཡིན་པ་བཅས་རེད།དབུལ་སྐྱོར་གསར་སྤེལ་གྱི་ལས་འགན་གསར་པ་དང་བླང་བྱ་གསར་པ་གཞིར་བཟུང་ལྗོངས་དེས《དབུལ་སྐྱོར་གསར་སྤེལ་ལས་དོན་སྤེལ་སྟངས་གསར་གཏོད་བྱ་རྒྱུ་དང་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》ཅེས་པ་པར་འགྲེམས་བྱས་པ་མ་ཟད།ད་དུང་རྟ་སྒ་ཆ་སྒྲིག་གི་ཡིག་ཆ་ཁག་བཞི་བཏོན་ནས་ཐབས་ཇུས་ལག་བསྟར་དང་དབུལ་སྐྱོར་གནད་འཁེལ་བྱ་རྒྱུའི་སེམས་ཐག་བཅད་པ་རེད།

    ནོར་སྲིད་ཆེད་དོན་དབུལ་སྐྱོར་མ་དངུལ་དོ་དམ་དེ་འཕེལ་སྒྱུར་དང་།ནོར་སྲིད།དབུལ་སྐྱོར་སོགས་སྡེ་ཚན་མང་པོ་ཞིག་དང་འབྲེལ་བ་ཡོད།མ་དངུལ་བགོ་བཤའ་རྒྱག་རིང་ཁ་གྲམ་ནས་བེད་སྤྱོད་བཏང་ན་ཕན་འབྲས་དེ་ཙམ་ཆེན་པོ་ཐོན་གྱི་མེད།ཀོང་ཤིས་ཀྱིས་དབུལ་སྐྱོར་དང་འབྲེལ་ཡོད་ཞིང་འབྲེལ་མ་དངུལ་གཙང་བཤེར་དང་བསྡུ་སྒྲིལ་བྱས་ཏེ་དབུལ་སྐྱོར་ལས་རྗེས་ཕྱོགས་སྟོན་དུ་བྱས་པའི་ནོར་སྲིད་ཆེད་དོན་དབུལ་སྐྱོར་མ་དངུལ་བགོ་བཤའི་ལམ་སྲོལ་ཞིག་བཟོས་ནས་རྫོང་རིམ་པར་སྔར་བས་སྟབས་བསྟུན་ཆེ་བའི་རྣམ་གྲངས་མ་དངུལ་ལེགས་སྒྲིག་གཏོང་སྤྲོད་དབང་ཆ་སྤྲོད་རྒྱུ་དང་།རྫོང་ཁག་གིས་མ་དངུལ་གཅིག་གྱུར་འཆར་འགོད་དང་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ལེགས་ཆ་གཅིག་ཏུ་བསྡུས་ནས་རྙིང་ཆེ་དཀའ་གསུམ་གྱི་གནད་དོན་ཐག་གཅོད་བྱ་རྒྱུ།དུས་མཚུངས་སུ་མ་དངུལ་བགོ་བཤའ་རྒྱག་རིང་གི་འགྲན་རྩོད་རང་བཞིན་དང་དབུལ་སྐྱོར་ལས་རྗེས་ཀྱི་དབང་ཟློས་ཤུགས་ཆེ་རུ་བཏང་ནས་དབུལ་སྐྱོར་མ་དངུལ་དེ་དབུལ་ཕོངས་མི་འབོར་གྱི་ཐོག་ཏུ་དངོས་འབྲེལ་སྤྱོད་ཐུབ་པ་བྱ་རྒྱུ་རེད།

    དབུལ་སྐྱོར་རྣམ་གྲངས་ཀྱི་གྲངས་འབོར་ཆེ་བ་དང་རྣམ་གྲངས་ཁ་གྲམ་པ་ལས་ལྟ་སྐུལ་དོ་དམ་གྱི་མ་གནས་ཆེ་རུ་སོང་བ་དང་དཀའ་ཚད་མཐོ་རུ་སོང་བའི་གནས་ཚུལ་ཐོན་ཡོད་ལ་ས་གནས་མི་ཉུང་བ་ཞིག་ཏུ“བརྩོན་ལེན་བྱ་རྒྱུར་སྣང་ཆེན་དང་།ལག་བསྟར་བྱ་རྒྱུར་སྣང་ཆུང་།དོ་དམ་བྱ་རྒྱུར་སྣང་ཆུང”བཅས་ཀྱི་སྣང་ཚུལ་ཞིག་ཀྱང་ཐོན་ཡོད།ཀོང་ཤིས་ཀྱིས་རྣམ་གྲངས་དོ་དམ་ལམ་སྲོལ་སྒྱུར་བཅོས་བྱེད་པ་དང་ཆབས་ཅིག་གསར་སྤེལ་གྱི་འགན་འཁྲི་དང་།དབང་ཆ།ལས་འགན།མ་དངུལ་བཅས“དམིགས་སའི་རྫོང་དུ་འབྱོར་བའི”་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དབུལ་སྐྱོར་རྣམ་གྲངས་ཀྱི་ཞིབ་བཤེར་མཆན་འགོད་དབང་ཆ་རྫོང་ལ་སྤྲོད་པ་དང་།རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་སྲིད་གཞུང་གིས་འཆར་གཞི་བཟོ་འགོད་དང་།རྣམ་གྲངས་དང་མ་དངུལ་བེད་སྤྱོད་དོ་དམ།ལས་དོན་མཛུབ་ཁྲིད།དབུལ་སྐྱོར་ཞིབ་དཔྱད་བཅས་ཀྱི་འགན་འཁུར་བ།རྫོང་རིམ་པའི་སྲིད་གཞུང་གིས་རྣམ་གྲངས་སྟེགས་བུ་འཛུགས་སྐྲུན་དང་།རྣམ་གྲངས་གཏན་འཁེལ།རྣམ་གྲངས་ལག་བསྟར་བཅས་ཀྱི་འགན་འཁུར་བ་བཅས་ཀྱི་ཐོག་ནས་མ་དངུལ་རྣམ་གྲངས་ཀྱི་རྗེས་སུ་དངོས་འབྲེལ་གཏོང་ཐུབ་པ་བྱ་རྒྱུ་དང་དེ་བཞིན་དབུལ་སྐྱོར་རྣམ་གྲངས་དོན་འཁྱོལ་ཡོང་བ་དང་།འཛུགས་སྐྲུན་མགྱོགས་པོ་ཐུབ་པ།སྤུས་ཚད་མཐོ་པོ་ཡོང་བ།ཕན་འབྲས་ཡག་པོ་ཐོན་པ་བཅས་ཀྱི་འགན་ལེན་བྱ་རྒྱུ་རེད།

    ཉེ་བའི་ལོ་ཤས་རིང་དབུལ་སྐྱོར་སྲིད་ཇུས་འགའ་ཞིག་ལས“ཁྲིད་སྟོན་ལྡོག་ཕྱོགས”ཀྱི་ནུས་པ་ཐོན་ཏེ་ཇི་ཙམ་དབུལ་སྐྱོར་བྱས་པ་དེ་ཙམ་གྱིས་སྐྱོ་རུ་འགྲོ་བ་དང“ལོ་ལྟར་དབུལ་སྐྱོར་བྱས་ཀྱང་ལོ་ལྟར་དབུལ་ཕོངས་ཐོན་ནས་དབུལ་པོའི་ཞྭ་མོ་་སུས་ཀྱང་འབུད་མི་ཐུབ་པའི”རྣམ་པ་ཞིག་ཐོན་ཡོད།ཀོང་ཤིས་ཀྱིས་རྫོང་དང་ཤང་ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོས་དབུལ་སྐྱོར་གསར་སྤེལ་གྱི་འགན་འཁྲི་བ་ཨང་དང་པོ་བྱས་ནས་དབུལ་སྐྱོར་ལས་འགན་གཤམ་འོག་རྫོང་དང་ཤང་དུ་བཀོད་སྒྲིག་བྱེད་དགོས་པ་དང་།དབུལ་ཕོངས་རྫོང་གི་དཔྱད་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་བཀག་སྡོམ་གསར་སྤེལ་ས་ཁོངས་དང་སྣོད་བཅུད་ཉམས་ཞན་གྱི་གཙོ་གནད་དབུལ་ཕོངས་རྫོང་དུ་དབུལ་ཕོངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་།ཡོང་འབབ་མང་དུ་གཏོང་རྒྱུ།འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་སོགས་དཔྱད་ཞིབ་ཀྱི་དམིགས་ཚད་གཙོ་བོར་བརྩི་དགོས་པ།དབུལ་སྒྲོལ་རྫོང་དང་དབུལ་སྐྱོར་ལས་དོན་ཡར་ཐོན་རྫོང་ལ་དབུལ་སྐྱོར་མ་དངུལ་རྣམ་གྲངས་ཀྱི་བྱ་དགའ་སྤྲོད་པ།དབུལ་སྒྲོལ་ཡུག་སྦྲེལ་རྫོང་དང་གཙོ་གནད་རྫོང་དུ་2020ལོའི་གོང་དབུལ་སྐྱོར་སྲིད་ཇུས་དང་།དབུལ་སྐྱོར་འཆར་འགོད།མ་དངུལ་རྣམ་གྲངས།ལས་རིགས་དབུལ་སྐྱོར།གནད་གཏན་འཁེལ་གྱི་དབུལ་སྐྱོར་བཅས“འགྱུར་ལྡོག་མེད་པ་ལྔ”མཐའ་འཁྱོངས་བྱེད་དགོས་པ།འདྲི་རྩད་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་སྐྱོར་ཕན་འབྲས་ཀྱི་དཔྱད་གདེང་བང་རིམ་བསྟུད་མར་རྗེས་སུ་ལུས་པ་དང་ལས་དོན་རྗེས་སུ་ཚབས་ཆེན་ལུས་པའི་རྫོང་གི་ཏང་སྲིད་འགོ་ཁྲིད་པ་གཙོ་བོ་དང་།ལས་བགོས་འགན་གཉེར་འགོ་ཁྲིད།འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཅས་དང་གདན་ཞུས་གླེང་མོལ་བྱེད་པའམ་ཡང་ན་ལས་གནས་ལེགས་སྒྲིག་བྱེད་དགོས་པ་བཅས་ཁ་གསལ་བཏོན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག