མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

“ཀྲུང་གོས་བཟོས་པའི”ས་འོག་ལྕགས་ལམ་གྱིས་འཛམ་གླིང་བུམ་པའི་འགྲན་བསྡུར་ལ་ཞབས་འདེགས་ཞུ་བ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-18 10:55

    འཛམ་གླིང་བུམ་པའི་འགྲན་བསྡུར་ཚ་ཚ་འུར་འུར་ངང་བྱེད་པ་དང་དུས་མཚུངས་ཀྲུང་གོ་པེ་ཁྲེ་ཁྲང་ཁེ་མ་རྐང་ཀུང་སིས་ཞིབ་བཟོ་བྱས་པའི་ས་འོག་ལྕགས་ལམ་གྱི་མེ་འཁོར་དང་EMUགློག་སྒུལ་མེ་འཁོར་ཀྱང་ལི་ཡོད་རེ་ནེ་ལུའུ་རུ་འཛམ་གླིང་བུམ་པའི་འགྲན་བསྡུར་ལ་ཞབས་འདེགས་ཞུ་འགོ་ཚུགས་ཡོད།དེ་ནི་ཀྲུང་གོ་ས་འོག་ལྕགས་ལམ་གྱིས་ལྷོ་ཨ་ཧྥེ་རི་ཁའི་ཁྲོམ་རར་མེ་འཁོར་ཐེངས་དང་པོ་བཏང་བ་ཞིག་ཡིན་ལ།ཁྲང་ཁེ་ཡིས་རང་བདག་ཞིབ་འཇུག་གསར་སྤེལ་བྱས་པའི་རིམ་པ་མཐོ་བའི་ལྕགས་ལམ་མེ་འཁོར་གྱིས་འཛམ་གླིང་བུམ་པའི་འགྲན་བསྡུར་ལ་ཞབས་འདེགས་ཐེངས་དང་པོ་ཞུས་པ་ཞིག་ཀྱང་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།ཁྲང་ཁེ་ཡིས་པར་ཙིར་དུ་ལྕགས་ལམ་འགྲུལ་སྐྱེལ་མེ་འཁོར་གཉེར་སྐྱོང་བྱེད་མཁན་ཁྱོན་མེ་འཁོར་ཕྲེང་སྟར་39ཡི་མེ་འཁོར་234བཏང་བ་དེ་དག་ནི་1Aས་འོག་ལྕགས་ལམ་མེ་འཁོར་དང་EMUཡི་གློག་སྒུལ་མེ་འཁོར་ཡིན་པ་རེད།1Aས་འོག་ལྕགས་ལམ་གྱི་མེ་འཁོར་ལི་གཡོད་ཀྱི་ལམ་ཐིག་ཨང་1པོ་དང་ཨང་2པར་འཁོར་རྒྱུག་བྱེད་པའི་ལམ་ཚད་སྤྱི་ལེ་41ཡིན་པ་དང་EMUགློག་སྒུལ་མེ་འཁོར་ལི་གཡོད་ཀྱི་གྲོང་འདབས་ཀྱི་ལམ་ཐིག་5ཡི་ཐོག་འཁོར་རྒྱུག་བྱེད་པའི་ལམ་ཚད་སྤྱི་ལེ་200ལས་བརྒལ་ཡོད་པ་རེད།

    མེ་འཁོར་དང་EMUགློག་སྒུལ་མེ་འཁོར་དེ་བས་བདེ་འཇགས་དང་དེ་བས་སྐྱིད་སྣང་དོད་པོ་ཡོང་ཆེད།ཁྲང་ཁེ་ཡིས་ལག་རྩལ་མང་པོའི་ཐད་ནས་གསར་གཏོད་བྱས་ཡོད་པ་རེད།1Aཡི་ས་འོག་ལྕགས་ལམ་ལ་མྱུར་ཚད་ལས་བརྒལ་བའི་སྲུང་སྐྱོབ་སྒྲིག་བཀོད་སྒྲིག་སྦྱོར་བྱས་པ་བརྒྱུད་བརྡ་རྟགས་མ་ལག་གི་ཚབ་བྱས་ཡོད།འཁོར་རྒྱུག་མྱུར་ཚད་དེ་གཏན་འཁེལ་བྱས་པའི་མྱུར་ཚད་ཚོད་འཛིན་གྱི་ཚད་ལས་བརྒལ་སྐབས་སྔོན་བརྡ་གཏོང་གི་ཡོད་པ་དང་གལ་ཏེ་མེ་འཁོར་གྱིས་འཕྲལ་དུ་མྱུར་ཚད་འགོར་དུ་མི་བཏང་བ་དང་མྱུར་ཚད་དེ་གཏན་འཁེལ་བྱས་པའི་མྱུར་ཚད་ལས་བརྒལ་ཚེ་མེ་འཁོར་ཛ་དྲག་ངང་བཀག་གཏོང་བྱས་ནས་འཁོར་རྒྱུག་གི་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད་པ་རེད།དུས་མཚུངས་སྒྲིག་བཀོད་དེ་མེ་འཁོར་བབས་ཚུགས་སུ་བསྐྱོད་པའམ་ཡང་ན་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐོན་ཚེ་ཁ་ལོ་བར“མྱུར་ཚད་ཀླད་ཀོར་གྱི་བརྡ་རྟགས”བཏང་ནས་མེ་འཁོར་ནང་གི་སྐུ་མགྲོན་མེ་འཁོར་ནང་སྡོད་པ་དང་མེ་འཁོར་ནས་བབས་དུས་ཀྱི་བདེ་འཇགས་སྔར་བས་འགན་ལེན་བྱེད་ཐུབ་ཀྱི་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག